འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་11ཉིན།

༄༅།།གསང་མྱུལ་གྱི་གྱོད་གཞི་ཞིག་བཏོན་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་11ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཐེར་འདོན་བདག་སྤྲོད་ཁ་པར་12339དང་རྒྱལ་ཁབ་བདེ་འཇགས་པུའི་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་སོགས་ཐེར་འདོན་བདག་སྤྲོད་ཐབས་ལམ་དག་ནི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་སྤྱི་དམངས་དང་རྩ་འཛུགས་ཀྱི་ཐེར་འདོན་བདག་སྤྲོད་བྱེད་པའི་གཞུང་ཕྱོགས་ཐབས་ལམ་ཡིན་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་ཐུན་མོང་ཐོག་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། འོན་ཀྱང་། ཉེ་བའི་ལོ་ཤས་རིང་། མི་སྣ་ཁག་གཅིག་གིས་ཐེར་འདོན་བྱ་རྒྱུ་དེ་བྱིས་པའི་རྩེད་མོ་ལྟ་བུ་དང་ཐ་ན་འཁྲབ་སྟོན་གྱི་གར་སྟེགས་སུ་བརྩིས་ནས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ཐེར་འདོན་བྱེད་པའམ་ཡང་ན་ཉེས་དོན་ངོས་ལེན་བྱེད་པར་བརྟེན། བདེན་རྫུན་མཉམ་བསྲེ་དང་བཀག་སྡོམ་ལས་གཡོལ་ཐབས་བྱེད་ཀྱི་ཡོད། གཤམ་དུ། ང་ཚོས་དཔེ་མཚོན་གྱི་གྱོད་དཔེ་ཞིག་ལ་བརྟེན་ནས་རང་རྩོམ་རང་ཁྲིད་ཀྱི“ཐེར་འདོན” ཞིག་ལ་བལྟ།