འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་11ཉིན།

༄༅།།ཟླ་བ་5པར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་8.6%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་11ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་ལེགས་སུ་འགྲོ་བའི་རྣམ་པ་མུ་མཐུད་སྲ་བརྟན་དུ་ཕྱིན་ཡོད། ཚེས་7ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་17.5ཟིན་པ་དེ་དུས་མཚུངས་ལས་6.3%འཕར་ཡོད། དེའི་ནང་ཟླ་བ་5པར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་3.71ཟིན་པ་དེ་དུས་མཚུངས་ལས་8.6%འཕར་བ་དང་འཕར་ཚད་ཟླ་བ་4པ་ལས་བརྒྱ་ཆའི་གྲངས་0.6མཐོ་རུ་ཕྱིན་ཡོད།
     ཕྱིར་གཏོང་དང་ནང་འདྲེན་ཁག་དབྱེ་ནས་བལྟས་ན། ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱིས་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་9.95བྱས་པ་དེ་དུས་མཚུངས་ལས་6.1%འཕར་བ་དང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་7.55བྱས་ནས་6.4%འཕར་ཡོད།
     དེའི་ནང“ཀྲུང་གོའི་ལན་པར”གྱི་འགྲན་རྩོད་ལེགས་ཆ་མངོན་གསལ་དོད་ཅིང་། གྲུ་གཟིངས་དང་། གློག་སྒུལ་རླངས་འཁོར། ཁྱིམ་སྤྱོད་གློག་ཆས་བཅས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་100.1%དང་། 26.3% 17.8%སོ་སོར་འཕར་ཡོད། གཞི་ཁྱོན་ཧ་ཅང་ཆེ་བའི་ཀྲུང་གོའི་ཁྲོམ་རས་གོ་སྐབས་གསར་པ་བཏོད་ནས་བར་བརྒྱུད་ཐོན་རྫས་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་7.4%འཕར་བ་དང་། ཝེ་ཐེ་ནམ་དང་། འཇར་མན། ཧྥ་རན་སེ། ཆི་ལི་སོགས་ཀྱི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཚད་12.7%དང་། 20.5% 8.6% 13.7%ཁག་སོ་སོར་འཕར་ཡོད་པ་རེད།
     (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)