འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་7ཉིན།

༄༅།།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བྱེད་ཐབས་ཁག་ལྔ་བཏོན་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་
སྐྱོང་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་07ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཕྱི་ཕྱོགས་ལ《2024ལོ་ནས་2025ལོ་བར་གྱི་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱ་སྤྱོད་འཆར་གཞི》ཁྱབ་བསྒྲགས་བྱས་ནས་བྱ་ཐབས་ཁག་ལྔ་བཏོན་ཏེ་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་བ་རེད།
    ཡིད་རྟོན་འཛུགས་སྐྱོང་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད། བྱ་སྤྱོད་འཆར་གཞིའི་ནང་། སྤྱི་ཚོགས་ཀྱི་ཡིད་རྟོན་འཛུགས་སྐྱོང་བཅའ་ཁྲིམས་འདོན་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་པ་དང་། ཞིང་ཆེན་རིམ་པའི་ཡིད་རྟོན་ཁྲིམས་འཛུགས་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས་པ། ཡིད་རྟོན་ཆ་འཕྲིན་འདྲི་རྩད་དང་སྤྱོད་པའི་དབང་ཚད་དང་གོ་རིམ་ཚད་ལྡན་དུ་གཏོང་དགོས་པ། བཅའ་ཁྲིམས་ལྟར་ཡིད་རྟོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པ་བཅས་བཏོན་ཡོད།
    ཡིད་རྟོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་གཅིག་འདོམས་སྐུལ་འདེད་གཏོང་བའི་ཐད། བྱ་སྤྱོད་འཆར་གཞིའི་ནང་། ཡིད་རྟོན་ཆ་འཕྲིན་ལས་སྟེགས་ཀྱི་ནུས་པ་ལེགས་སུ་གཏོང་དགོས་པ་དང་། ས་གནས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་ཞབས་ཞུའི་ལས་སྟེགས་སྡེབ་སྒྲིག་བྱེད་ཚད་མགྱོགས་སུ་གཏོང་དགོས་པ། ཁྲིམས་འགལ་སྒྲིག་འགལ་གྱིས་སྤྱི་པའི་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་དང་། བཟོ་བཅོས་རྒྱག་པ། ཕྱིར་གྱར་བ་བཅས་ཀྱི་བྱེད་སྤྱོད་ལ་ལྟ་སྐུལ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། མི་སྒེར་གྱི་གསང་དོན་དང་ཚོང་ལས་ཀྱི་གསང་བ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཁ་གསལ་བཏོན་ཡོད།
   ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཐད། བྱ་སྤྱོད་འཆར་གཞིའི་ནང་། ཁེ་ལས་ཐོ་འགོད་དང་། ཁྲིམས་འཛིན། ཁྲལ་དོན། འགག་སྒོ དངུལ་རྩ། ཤེས་བྱའི་བདག་དབང་སོགས་ཁྱབ་ཁོངས་གལ་ཆེན་ལ་དམིགས་ནས་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཚད་གཞི་གཅིག་གྱུར་དང་དབང་གྲགས་གནད་འཁེལ་གྱི་ཡིད་རྟོན་ཐོ་འགོད་འཛུགས་དགོས་པ་དང་། ས་གནས་ཀྱིས“ཡིད་རྟོན་སྐར་གྲངས”ལ་བརྟེན་ནས་ཁ་དན་ཚིག་གནས་ཀྱི་ལྕག་འདེབས་བྱེད་ཐབས་འཚོལ་ཞིབ་ལ་སྐུལ་ལྕག་བྱེད་པ་དང་། སྨན་བཅོས་དང་། བཅོལ་གསོ། རྒན་གསོ། ཁྱིམ་ལས། ཡུལ་སྐོར། ཉོ་སྒྲུབ། ཕྱིར་སྐྱོད་སོགས་གཙོ་གནད་ཁྱབ་ཁོངས་སུ“ཡིད་རྟོན+”འདུ་འགོད་ལག་བསྟར་ལ་སྐུལ་འདེད་གཏོང་དགོས་པ། ཡིད་རྟོན་སྙན་ཞུས་ཁྲིམས་འགལ་དང་སྒྲིག་འགལ་མེད་པའི་དཔང་ཡིག་གི་ཚབ་བྱེད་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས་པ་བཅས་བཏོན་ཡོད།
    ཡིད་རྟོན་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བའི་ཐད། བྱ་སྤྱོད་འཆར་གཞིའི་ནང་། གཅིག་གྱུར་ཚད་ལྡན་དང་། མཐུན་སྦྱོར་མཉམ་སྤྱོད། ཚན་རིག་དང་མཐུན་ལ་ཕན་ཆེ་བཅས་ཀྱི་ཡིད་རྟོན་སླར་གསོའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།
    གཙོ་གནད་ཁྱབ་ཁོངས་ཀྱི་ཡིད་རྟོན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་ཐད། བྱ་སྤྱོད་འཆར་གཞིའི་ནང་། སྲིད་གཞུང་གི་ཁ་དན་ཚིག་གནས་ཀྱི་ཁ་ཆད་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྲིད་གཞུང་གིས་ཁ་ཆད་ལས་འགལ་བ་དང་ཡིད་རྟོན་ཤོར་བ་ཞུ་གཏུག་རྒྱག་པའི་ཐབས་ལམ་ཤར་བགྲོད་བྱེད་དགོས་པ། སྲིད་དོན་ཡིད་རྟོན་གྱི་ཐོ་འགོད་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྲིད་དོན་ཡིད་རྟོན་གྱི་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས་པ། གཞུང་ཞབས་པ་དང་། ཁྲིམས་རྩོད་པ། ཁྱིམ་ལས་མི་སྣ། དངུལ་རྩའི་མི་སྣ་སོགས་གཙོ་གནད་ལས་རིགས་ཀྱི་མི་ཚོགས་ལ་དམིགས་ཏེ་མི་སྒེར་གྱི་ཡིད་རྟོན་ཐོ་འགོད་གྲུབ་པའི་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་འབྲེལ་ཡོད་མི་སྣས་འབྲེལ་ཡོད་བྱེད་སྒོའི་ནང་གྲུབ་པའི་ཡིད་རྟོན་ཆ་འཕྲིན་དུས་ཐོག་ཏུ་བསྡུ་རུབ་བྱེད་དགོས་པ་བཅས་བཏོན་ཡོད།