འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་6ཉིན།

༄༅།།《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྐོར་གྱི་བྱིས་པའི་རི་མོའི་དེབ་ཀྱི་མ་ལག་ཆེན་མོ》
ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་06ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཅི་ནན་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྐོར་གྱི་བྱིས་པའི་རི་མོའི་དེབ་ཀྱི་གསར་རྩོམ་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྐོར་གྱི་བྱིས་པའི་རི་མོའི་དེབ་ཀྱི་མ་ལག་ཆེན་མོ》ཁག་དང་པོའི་དེབ་100དངོས་སུ་ཡོངས་བསྒྲགས་བྱས་ཡོད།
   《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྐོར་གྱི་བྱིས་པའི་རི་མོའི་དེབ་ཀྱི་མ་ལག་ཆེན་མོ》ནི་ཧྲན་ཏུང་ཞིང་ཨུད་དྲིལ་བསྒྲགས་པུས་ཇུས་འགོད་བྱས་པ་དང་ཆིང་ཏའོ་གྲོང་ཨུད་དྲིལ་བསྒྲགས་པུས་ཆིང་ཏའོ་དཔེ་སྐྲུན་ཚོགས་པ་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་དཔེ་སྐྲུན་བྱས་པ་ཞིག་ཡིན་པ་དང་། 2024ལོའི་ལོ་འཁོར་གྱི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་སྐྱོར་མ་དངུལ་རྣམ་གྲངས་ནང་བདམས་ཡོད། དཔེ་ཚོགས་དེ་བྱིས་པ་ལོ་5ནས་ལོ་8བར་ལ་ཁ་ཕྱོགས་ནས་བཟོས་པ་ཞིག་ཡིན་ཞིང་། དེར་ཀྲུང་ཧྭའི་སྲོལ་རྒྱུན་གྱི་སྤྱོད་བཟང་དང་། ཀྲུང་ཧྭའི་ཚད་ལྡན་གཏམ་རྒྱུད། ཀྲུང་ཧྭའི་རིག་གནས་པ་གྲགས་ཅན་སོགས་ལེ་ཚན་ཆེན་པོ་དྲུག་ལ་བགོས་པ་དང་ཁྱོན་དེབ་100ཡོད། དེ་དག་གིས་ཀློག་པ་པོ་ཆུང་ཆུང་ལ་སྲོལ་རྒྱུན་གྱི་སྤྱོད་བཟང་དང་། རིག་གནས་པ་གྲགས་ཅན། རི་ཆུའི་ས་ཁམས་སོགས་ཐད་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ལོ་རྒྱུས་ཟབ་མོ་ཤེས་སུ་འཇུག་རྒྱུ་རེད།
   བཞུགས་མོལ་ཚོགས་འདུར་རི་མོའི་དེབ་གསར་རྩོམ་དང་། རི་མོ་འབྲི་བ། བྱིས་པའི་རྩོམ་རིག་དཔྱད་གླེང་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱིས་དཔེ་ཚོགས་དེ་ཀྲུང་གོའི་བྱིས་པར་ཕྱོགས་ནས་ཀྲུང་གོའི་གཏམ་རྒྱུད་བརྗོད་པ་ཞིག་ཡིན་པ་དེས་བྱིས་པའི་གནས་བབ་དང་། སྒྱུ་རྩལ་གྱི་གནས་རིམ། མཛེས་དཔྱོད་ཀྱི་སྤྲོ་སྣང་བཅས་མཉམ་དུ་འབྲེལ་ནས་ཀྲུང་གོའི་བྱིས་པའི་རི་མོའི་དེབ་ཀྱི་གསར་རྩོམ་གསར་གཏོད་འཕེལ་རྒྱས་འགྲོ་བའི་ཕན་ཡོད་ཀྱི་འཚོལ་ཞིབ་ཅིག་ཡིན་ལུགས་བརྗོད་ཡོད།