འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་5ཉིན།

༄༅།།ཨེ་ཤེ་ཡའི་གནམ་གྲུ་འཇོག་ཁང་ཆེ་ཤོས་དབྱང་ཧྲན་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་སྐྲུན་འགོ་ཚུགས་པ།

གནམ་གྲུ་ཆེ་གྲས་9དུས་གཅིག་ཏུ་ཉམས་བཟོ་བྱེད་ཆོག་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་05ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་རྒྱལ་སྤྱི་ཅན་གྱི་མཁའ་འགྲུལ་ཉམས་བཟོའི་ཞབས་ཞུའི་ལས་སྟེགས་རྣམ་གྲངས་དབྱང་ཧྲན་དམིགས་བསལ་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་དངོས་སུ་སྐྲུན་འགོ་ཚུགས་ཡོད།
   རྣམ་གྲངས་དེས་གནམ་གྲུ་འཇོག་ཁང་3དང་། ལྷུ་ལག་ཉམས་བཟོ། སྒྱུར་བཟོའི་ལས་གྲྭའི་ལེ་ལག་ཚང་བའི་བཟོ་ཁང་དང་སྒྲིག་བཀོད་བཅས་བསྐྲུན་རྒྱུ་རེད་ལ། ཁྱོན་མ་དངུལ་སྒོར་དུང་ཕྱུར་15གཏོང་རྒྱུ་དང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་11ལྷག་ཙམ་ཟིན་རྒྱུའི་ནང་། གནམ་གྲུ་འཇོག་ཁང་དང་པོར་ཨེ་ཤེ་ཡའི་གནམ་གྲུ་འཇོག་ཁང་ཚོམས་ཆེན་ཆེ་ཤོས་སྒྲིག་སྦྱོར་བྱ་རྒྱུ་ཡིན་ཞིང་། དེའི་ཞེང་ཚད་ལ་སྨི་316དང་རིང་ཚད་ལ་སྨི་146ཟིན་ནས་གནམ་གྲུ་ཆེ་གྲས་9དུས་གཅིག་ཏུ་ཉམས་བཟོ་ཐུབ་རྒྱུ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ལིན་ཀང་ཁུལ་གསར་གྱི“ཁུལ་དང་གྲུ་ཁ་གཞི་གཅིག་ཅན”ལ་བརྟེན་ནས། ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ལས་གཙོ་བོར་བྱེད་པའི་མཁའ་འགྲུལ་ཉམས་བཟོའི་རྟེན་གཞི་བསྐྲུན་ཏེ་རྒྱལ་ཁབ་ཕྱི་ནང་གི་མཁའ་འགྲུལ་ཚོང་པར་གནམ་གྲུ་ཆེ་གྲས་ཉམས་བཟོ་དང་། སྒྱུར་བཟོ། དེ་བཞིན་ལྷུ་ལག་ཉམས་བཟོ་ཤུགས་ཆེན་སོགས་ཀྱི་སྤུས་ཚད་མཐོ་བ་དང་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་རྒྱུ་རེད། རྣམ་གྲངས་སྔོན་དཔག་བྱས་ན་2026ལོའི་ལོ་སྟོད་དུ་ལས་མཇུག་འགྲིལ་ནས་རྩིས་སྤྲོད་རྒྱུ་རེད།