༄༅།།རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་མི་ཁྲི་11480.7ཡོད་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་04ཉིན། 14:01】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡུན་ལྷན་ཁང་གིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོའི་ཟླ་12ཚེས་31ཉིན་བར་རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་མི་ཁྲི་11480.7ཡོད་པ་རེད།
རྒྱལ་ཡོངས་སུ་གཞི་རིམ་གྱི་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་ཁྲི་27.6ཡོད་ཅིང་། དེའི་ཁྲོད་སློབ་གྲྭ་འབྲིང་ཆུང་དུ་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་ཁྲི་19.0དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཚོ(སྡེ་ཁུལ)རུ་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་ཁྲི་8.3 གཞོན་ནུ་ལོ་ཆུང་ཕོ་བྲང་དུ་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་ཁྲི་0.3བཅས་ཡོད་པ་རེད།
རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་ཁྲི་19.0དང་རུ་འབྲིང་ཁྲི་285.6ཡོད། རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་ཁྲི་754.2ཡོད་ཅིང་། དེའི་ནང་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཁྱབ་ཟུར་ཁྲིད་པ་ཁྲི་0.3དང་། སློབ་གྲྭ་འབྲིང་ཆུང་གི་རུ་ཆེན་གྱི་ཟུར་ཁྲིད་པ་ཁྲི་21.1 རུ་འབྲིང་གི་ཟུར་ཁྲིད་པ་ཁྲི་287.6 ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ཟུར་ཁྲིད་པ་ཁྲི་445.2བཅས་ཡོད་པ་རེད།
