འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་3ཉིན།

༄༅།།ལོ་ངོ་3000གོང་གི་བྲག་རིས་ཚོགས་ཤིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་03ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་ངོ་3000གོང་གི་བྲག་རིས་ཚོགས་ཤིག་རྙེད་འདུག
   ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གིས་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་བཞི་པར་ཕྱི་རོལ་དུ་བརྟག་དཔྱད་བྱེད་སྐབས། ནང་དོན་ཕུན་སུམ་ཚོགས་ཤིང་རི་མོ་གསོན་ཉམས་ལྡན་པའི་བྲག་རིས་ཚོགས་པ་གསར་པ་ཞིག་རྙེད་པ་དང་། བྲག་རིས་ཀྱི་ཁྱབ་ཚུལ་དང་། གྲངས་འབོར། པར་རིས། རྩ་བའི་གཞི་གྲངས། ཉར་ཚགས་བྱས་ཚུལ་སོགས་འཚོལ་བསྡུ་དང་ཟིན་ཐོ་ཞིབ་ཕྲ་བཀོད་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། བྲག་རིས་ཚོགས་པ་དེ་མང་རྫོང་སུམ་མདོ་གྲོང་རྡལ་འབུམ་ལུང་གྲོང་ཚོའི་འབུམ་ལུང་ལུང་ཤུར་གྱི་བྲག་ངོས་སུ་ཡོད་ཅིང་། སྲོག་ཆགས་ཀྱི་པར་རིས་བརྐོས་པའི་བྲག་རིས་བཅུ་གྲངས་ཤིག་སྨི་གྲུ་བཞི་མ་1000ཙམ་གྱི་བྲག་རིའི་སྟེང་དུ་ཁྱབ་ཡོད་པ་དང་། དེའི་ནང་གི་ཁག་གཅིག་བྲག་རྡོའི་སྟེང་དུ་ཡོད་པ་དང་། མང་ཆེ་བ་བྲག་རིའི་སྟེང་གི་སྔོ་ཁེབས་འོག་ནས་ཪྙེད་པ་རེད།  
   མང་རྫོང་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གི་ལས་དོན་མི་སྣ་ཝང་ཀྲན་ཚུན་གྱིས། བྲག་རིས་དེ་དག་ཚང་མ་ལི་ཆས་དུས་རབས་ཀྱི་ཐོན་དངོས་ཡིན་པ་དང་། ད་བར་ལོ་ངོ་3000ལྷག་ཙམ་འདས་ཡོད་ལ། དེ་ནི་མཚོ་ལྷོ་ཁུལ་གྱི་མེས་པོའི་བྱེད་སྒོ་ལས་བྱུང་བའི་བདེན་དཔང་ནུས་ལྡན་ཞིག་ཡིན་པས། ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཤེས་རྟོགས་བྱ་རྒྱུར་དོན་སྙིང་གལ་ཆེན་ཡོད། 
༄༅།།ལོ་ངོ་3000གོང་གི་བྲག་རིས་ཚོགས་ཤིག་རྙེད་འདུག