འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།འགོ་ཁྲིད་འདི་བཟུང་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་འབྲུ་རིགས་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲོའུ་ཀྲེང་ལ་ལྐོག་རྔན་བླངས་པ་དང་། ལྐོག་ཟ་བྱས་པ། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པ་བཅས་ཀྱི་དོགས་གཞི་ཡོད་པའི་གྱོད་གཞི་དེ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དོ་དམ་བྱེད་ཁོངས་གཏན་འཁེལ་བྱས་པ་བརྒྱུད། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པ་དང་། ལྐོག་ཟ་བྱས་པ། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པའི་བྱས་ཉེས་ཐོག་ནས་ཀྲོའུ་ཀྲེང་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་བྱེད་སྒང་ཡིན།