འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།ཧྥུའུ་ཅན་“ཚོགས་པའི་ཚུལ་”གྱི་བོད་སྐྱོར་ཚོགས་པས་ལྷོ་རོང་རྫོང་དུ་“སློབ་རོགས་”བྱེད་སྒོ་སྤེལ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཧྥུའུ་ཅན་“ཚོགས་པའི་ཚུལ་”གྱི་བོད་སྐྱོར་ཚོགས་པས་ལྷོ་རོང་རྫོང་དུ་“སློབ་རོགས་”བྱེད་སྒོ་སྤེལ།
   ཟླ་ལྔ་པའི་བོད་ལྗོངས་ཆབ་མདོ་རུ་གནམ་གཤིས་སྔར་བཞིན་གྲང་ངར་ཆེ་ལ། ཧྥུའུ་ཅན་ཞིང་ཆེན་གྱི་“ཚོགས་པའི་ཚུལ་”གྱི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་རུ་ཁག་ཁག་གསུམ་པའི་རུ་མི་7ལྷོ་རོང་རྫོང་དུ་“སློབ་གསོ་དང་རོགས་སྐྱོར་”གྱི་བྱེད་སྒོ་སྤེལ་བར་འབྱོར། བོད་སྐྱོར་དགེ་རྒན་ཚོ་སློབ་གྲྭ་དང་འཛིན་གྲྭར་བསྐྱོད་དེ་ལྷོ་རོང་རྫོང་གི་དགེ་སློབ་དང་མཉམ་དུ་སློབ་གསོ་འཕེལ་རྒྱས་ཀྱི་ཐབས་ཇུས་ཐད་གྲོས་བསྡུར་བྱས་ནས། “སློབ་ཚན་མཚུངས་ཀྱང་གྲུབ་ཆ་མི་འདྲ་བའི་སློབ་ཁྲིད་ཀྱི་དཔེ་སྟོན་སློབ་ཚན་དང་“བྱང་ཚད་ལྟེ་བ་གསོ་སྐྱོང་”བརྗོད་བྱ་གཙོ་བོར་བྱས་པའི་ཚན་ཁག་ཁག་གི་ཆེད་དོན་འཆད་ཁྲིད། དེ་བཞིན་སློབ་ཚན་དཔྱད་བསྡུར་དང་དོགས་གཞིར་ལན་འདེབས་བྱེད་སྒོ་བཅས་སྤེལ་བ་དང་“རྨིན་ཁྲང་གི་དགེ་རྒན་གྲགས་ཅན་ལས་དོན་ཁང་ལྷོ་རོང་ལས་དོན་ས་ཚིགས་”ཀྱི་སྒོ་བྱང་ཡང་བཀལ། 
    བོད་སྐྱོར་དགེ་རྒན་དང་ལྷོ་རོང་རྫོང་སློབ་འབྲིང་དགེ་རྒན་གྱིས་མཉམ་ལས་བྱས་ནས་སྤེལ་བའི་བྱེད་སྒོའི་ཁྲོད། བོད་སྐྱོར་དགེ་རྒན་ཧོ་ཝེ་ཡི་ལོ་རྒྱུས་དཔེ་སྟོན་སློབ་ཚན་《ཤང་ཀང་དང་ཨའོ་མོན་ཕྱིར་ལོག་པ་》ཞེས་པ་དེས་སློབ་དེབ་ཀྱི་ནང་དོན་ལུགས་མཐུན་ངང་བསྐྱར་སྒྲིག་བྱས་པ་དང་། 《རླུང་གནོན་དྲག་པོ་》ཞེས་པའི་སློབ་ཚན་ཐོག བོད་སྐྱོར་དགེ་རྒན་ཝང་ཡུང་པེ་ཡིས་སློབ་མར་དངོས་ལུགས་ཚོད་ལྟའི་དབྱེ་ཞིབ་ཞིབ་ཚགས་བྱེད་སྟངས་སློབ་ཁྲིད་བྱས་པ་དང་། བོད་སྐྱོར་དགེ་རྒན་ཡུས་ཤང་གིས་《དབུས་ཤར་ས་ཁུལ་》ཞེས་པའི་ས་ཁམས་སློབ་ཚན་དེའི་ཐོག་སློབ་མར་འཚོལ་ཞིབ་བྱེད་དུ་བཅུག་པ་དང་། བོད་སྐྱོར་དགེ་རྒན་ཝང་པི་ཧྥེང་དང་། ཞུས་ཆིང་ཧྥེང་། ཁྲེན་ཅན་ཅང་སོགས་ཀྱིས་ཀྱང་ཆེད་དོན་སློབ་ཁྲིད་གནང་བ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ཕྱོགས་གཉིས་ཕན་ཚུན་དུ་བསྐྱོད་པའི་སློབ་གསོའི་བོད་སྐྱོར་ཁྱབ་འགྱེད་བྱེད་སྒོ་ཞིག་རེད། ཧྥུའུ་ཅན་གྱི་“ཚོགས་པའི་ཚུལ་”གྱི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་རུ་ཁག་ཁག་གསུམ་པས་བོད་ལྗོངས་རི་བོ་ཆེ་དང་། མཛོ་སྒང་། བྲག་གཡབ་སོགས་རྫོང་དང་ཆུས་སུ་བསྐྱོད་རྗེས་སླར་ཡང་གཞི་རིམ་སློབ་གྲྭར་བསྐྱོད་དེ་གཞི་རིམ་སློབ་གྲྭའི་གནད་དོན་ལ་དབྱེ་ཞིབ་བྱེད་རོགས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུར་མཛུབ་ཁྲིད་གནང་བ་རེད། 
ལྷོ་རོང་རྫོང་སློབ་འབྲིང་གི་སློབ་སྤྱི་དབྱང་ཀྲེང་ཞན་གྱིས་“ད་ཐེངས་ཀྱི་སློབ་ཁྲིད་དང་གསོ་སྐྱོང་”བྱེད་སྒོའི་ཐོག་ནས་ང་ཚོས་དགེ་རྒན་གྲགས་ཅན་ཚོའི་སློབ་ཁྲིད་ཉམས་འགྱུར་མྱོང་ཚོར་ཐུབ་པ་དང་ང་ཚོའི་སློབ་ཁྲིད་ཀྱི་བསམ་ཕྱོགས་ལ་བློ་སྒོ་ཕྱེ་ནས་ང་ཚོར་ཕན་པ་མི་ཉུང་བ་ཐོབ་བྱུང་”ཞེས་བཤད།