འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།2023ལོའི《ཀྲུང་གོའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》ཡོངས་བསྒྲགས་
བྱས་པ།

མཚོ་ཁོངས་ཀྱི་ཆུའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། སྐྱེ་ཁམས་ཁོར་ཡུག་པུས་ཡོངས་བསྒྲགས་བྱས་པའི་2023ལོའི《ཀྲུང་གོའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》(གཤམ་དུ《སྤྱི་བསྒྲགས》ཞེས་བསྡུ་རྒྱུ)ནང་། 2023ལོར་རང་རྒྱལ་གྱི་དོ་དམ་ཁོངས་གཏོགས་མཚོ་ཁོངས་ཀྱི་ཆུའི་སྤུས་ཚད་སྤྱིར་ན་བརྟན་པོའི་ངང་ལེགས་སུ་ཕྱིན་ནས་མཚོ་ཁོངས་ཀྱི་ཆུའི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད་པ་མངོན་ཡོད།
    《སྤྱི་བསྒྲགས》ནང་། རང་རྒྱལ་གྱི་རྒྱ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་གནས་ཚུལ་བརྟན་པོ་ཡོད་ཅིང་། རང་རྒྱལ་གྱིས་རྒྱ་མཚོ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་10ལ་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་རིམ་པར་གདེང་འཇོག་བྱས་པའི་ནང་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་རིམ་པ་Ⅰཡིན་པ་དང་སྤྱིའི་གནས་ཚུལ་ཡག་པོ་ཡོད་པའི་སྲུང་སྐྱོང་ཁུལ་ནི་ལེའོ་ཉིང་ཏ་ལན་གྱི་མཚོ་གཟིག་ཁྲ་ཁྲའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཧྲན་ཏུང་གི་རྨ་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ཀོང་ཏུང་ཧུའེ་ཀྲོའུ་ཤར་རྒྱུད་རྒྱ་མཚོའི་རུས་སྦལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ཀོང་ཏུང་ཀྲན་ཅང་སྡོང་དམར་ནགས་ཚལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ཀོང་ཤིས་ཧེ་ཕུའུ་ཉ་མོ་མི་གཟུགས་ཅན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་ཡིན་པ་མངོན་ཡོད།