འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

གྲུབ་འབྲས་ཁག་200ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་ཆུས་རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་གི་འགྲེམས་ཁང་11པར་གཉེར་བའི་ཚན་རྩལ་གསར་གཏོད་ཀྱི་འགྲེམས་སྟོན་ཐོག་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཕུལ་དུ་བྱུང་བ་ཁག་200ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཤིང་། དེ་དག་ཆ་འཕྲིན་གྱི་ལག་རྩལ་གསར་པ་དང་། སྨན་བཅོས་བདེ་ཐང་། ནུས་རྒྱུའི་ཚན་རྩལ། དེང་རབས་ཞིང་ལས། རིག་ནུས་བཟོ་སྐྲུན་སོགས་ཡིན་པ་རེད།
   འགྲེམས་སྟོན་དེ་ནི་ཚན་རྩལ་པུའུ་དང་པེ་ཅིང་གྲོང་ཁྱེར་གྱིས་གཉེར་བ་ཞིག་ཡིན་ཞིང་། སྤྱི་དམངས་ཀྱིས་དེའི་ཁྲོད་ནས་ཚན་རྩལ་གྲུབ་འབྲས་ཀྱི་འཕེལ་རིམ་གསར་ཤོས་ལ་རྒྱུས་ལོན་བྱེད་ཆོག་པ་མ་ཟད། རང་བྱུང་གནོད་འཚེ་དང་མེ་སྐྱོན་གྱི་རང་སྐྱོབ་ནུས་པར་སྦྱོང་བརྡར་དང་གློག་འཁྱུད་སྐབས་རིག་ནུས་ཀྱི་མྱུར་སྐྱོབ་བྱེད་སྟངས་སོགས་ཚན་རིག་ཁྱབ་གདལ་གྱི་མཉམ་འགུལ་ཉམས་ལེན་བྱེད་སྒོར་ཡང་ཞུགས་ཆོག་གི་ཡོད་པ་རེད། ཚན་རྩལ་གསར་གཏོད་འགྲེམས་སྟོན་དང་དུས་གཅིག་ཏུ་གཉེར་བའི་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ཆེད་དོན་འགྲེམས་སྟོན་ནང་རང་རྒྱལ་གྱི་ཚན་རྩལ་ལས་དོན་པ་རྒན་དར་གཞོན་གསུམ་གྱི་སྔོན་ཐོན་བྱས་རྗེས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་ཁོང་རྣམ་པས་ཕུགས་འདུན་བཅངས་ནས་རྒྱལ་ཁབ་ཀྱི་དྲིན་གཟོ་བ་དང་རྗེས་མཐུད་རྒྱུན་འཛིན་བྱེད་པའི་འབད་འཐབ་ཀྱི་ལོ་རྒྱུས་བརྗོད་ནས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་པ་རེད།
   རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་2001ལོ་ནས་གཉེར་ཚུན། སྤྱི་དམངས་ཞུགས་ཚད་མང་བ་དང་། ཁྱབ་རྒྱ་ཆེ་བ། སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་བཅས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་ཚན་རྩལ་སྤུས་རྟགས་བྱེད་སྒོ་ཞིག་ཏུ་གྱུར་ཡོད། འདི་ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ནི་ཟླ་5ཚེས་25ཉིན་ནས་ཟླ་6ཚེས་1ཉིན་བར་བསྟུད་མར་སྤེལ་བཞིན་ཡོད་ཅིང་། བརྗོད་དོན་གཙོ་བོ་ནི“ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད་དགོས”ཞེས་པ་དེ་ཡིན་པ་དང་། དེ་ནི་ཚན་རྩལ་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།