འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།འདི་ལོའི་རྒྱ་མཚོའི་རླུང་འཚུབ་དང་པོ“ཨའེ་ཡུན་ཉི”ལྡང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་རྒྱ་མཚོའི་རླུང་འཚུབ་དང་པོ“ཨའེ་ཡུན་ཉི”(མིང་འདི་ནི་མེ་ཁེ་ལུའོ་ཉི་ཤིས་ཡཱ་ནས་འབྱུང་ལ། དེ་ནི་ས་གནས་དེ་གའི“རླུང་དམར་ཆེན་པོ”ཞེས་པ་དེ་ཡིན)ཚེས་26ཉིན་གྱི་ཞོགས་པའི་ཆུ་ཚོད་11ཙམ་ལ་ཧྥི་ལི་ཕིན་གྱི་ལུའི་སུང་གླིང་ཕྲན་དུ་ལྡང་འགོ་ཚུགས་པ་དང་། ལྟེ་བའི་ཉེ་འཁོར་གྱི་རླུང་ཤུགས་ཆེ་ཤོས་རིམ་པ་8(སྐར་ཆ་རེར་སྨི18)ཟིན་ནས་ཚ་ཁུལ་གྱི་རླུང་དམར་རིམ་པར་སླེབས་ཡོད།
   གནམ་གཤིས་ལྟ་ཞིབ་ཚད་ལེན་ལས་མངོན་པར། ཚེས་26ཉིན་གྱི་ཕྱི་དྲོར། “ཨའེ་ཡུན་ཉི”དེ་ཚ་ཁུལ་གྱི་རླུང་དམར་རིམ་པ་ནས་ཚ་ཁུལ་གྱི་རླུང་དམར་དྲག་པོའི་རིམ་པར་གྱུར་ཡོད། དགོང་མོའི་ཆུ་ཚོད་བརྒྱད་པ་ཙམ་ལ་དེའི་རླུང་ཤུགས་ཀྱི་ལྟེ་བ་ཧྥི་ལི་ཕིན་གྱི་མཱ་ནི་ལཱ་ཤར་ནས་བྱང་ལ་ཕྱོགས་པའི་སྤྱི་ལེ་135ཙམ་གྱི་མཚོ་ངོས་སུ་གནས་པ་དང་། ལྟེ་བའི་ཉེ་འགྲམ་གྱི་རླུང་ཤུགས་ཆེ་ཤོས་རིམ་པ་11(སྐར་ཆ་རེར་སྨི་30)ཟིན་གྱི་ཡོད། སྔོན་དཔག་བྱས་ན། “ཨའེ་ཡུན་ཉི”ཆུ་ཚོད་རེར་སྤྱི་ལེ་15ཙམ་གྱི་མྱུར་ཚད་ཐོག་ནས་བྱང་ཤར་ཕྱོགས་སུ་ལྡང་གི་ཡོད་ལ་རླུང་ཤུགས་ཀྱང་རིམ་བཞིན་ཆེ་རུ་འགྲོ་གི་ཡོད།