༄༅།།གནད་དོན་9755ལ་ཞིབ་བཤེར་དང་ཐག་གཅོད་བྱས།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་28ཉིན། 13:57】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་27ཉིན་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་བསམ་བློའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་སྐོར་གྱི་ཟླ་རེའི་སྙན་ཞུའི་གཞི་གྲངས་ཁྱབ་བསྒྲགས་བྱས། བརྡ་ཁྱབ་ལས་མངོན་པར། ད་ལོའི་ཟླ་4པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་བསམ་བློའི་གནད་དོན་དང་འགལ་བའི་གནད་དོན་ཁྱོན་9755ལ་ཞིབ་བཤེར་དང་ཐག་གཅོད་བྱས་པ་དང་། མི་13656(ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་1དང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་73ཚུད་པ།)ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས། མི་8916ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།
བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་4པར་རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྱོན་4363ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་6647ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད། དེའི་ནང་“འགན་འཁྲི་སྒྲུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བའི་ཐད་འགན་མི་འཁུར་པ་དང་། ཡག་པོ་མི་སྒྲུབ་པ། གང་རུང་དུ་སྒྲུབ་པ། རྫུན་མ་ལས་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི”ཐད་ཀྱི་གནད་དོན་ཐག་གཅོད་མང་ཤོས་ཡིན་པ་དང་། གྱོད་གཞི་3827ཞིབ་བཤེར་དང་ཐག་གཅོད་བྱས་པ་དང་། མི་5818ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད།
བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་4པར་རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་གནད་དོན་ཁྱོན་5392ཞིབ་བཤེར་དང་ཐག་གཅོད་བྱས་པ་དང་། མི་7009ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད། དེའི་ནང་སྒྲིག་སྲོལ་ལས་འགལ་ཏེ་ཁྱད་ཐོན་ཐོན་རྫས་དང་ལག་རྟགས་བསྡུ་ལེན་དང་སྤྲད་པའི་གནད་དོན་ཁག་2455དང་། སྒྲིག་སྲོལ་ལས་འགལ་ཏེ་ཁ་གསབ་དང་ཕན་བདེ་སྤྲད་པའི་གནད་དོན་ཁག་732དང་། སྒྲིག་འགལ་གྱིས་བཟའ་འཐུང་གི་གནད་དོན་ཁག་1208བཅས་ལ་ཞིབ་བཤེར་དང་ཐག་གཅོད་བྱས་ཡོད།