འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་28ཉིན།

༄༅།།དོགས་ཡོད་ཉེས་ཅན་ཁྲི་4.9བཟུང་ནས་རྩིས་སྤྲད།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་28ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ལོ་ལྔའི་རིང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གྱོད་གཞི་ཁྱོན་ཁྲི་194.5རྩད་ཆོད་པ་དང་། རྒྱལ་ཡོངས་ཀྱི་ཟླ་གཅིག་ནང་གྱོད་གཞི་ཐོ་འགོད་བྱེད་གྲངས་དུས་མཚུངས་ལས་ཟླ་བ་བརྒྱད་ལ་བསྟུད་མར་ཉུང་དུ་ཕྱིན་པ་དང་། མགོ་སྐོར་བཏང་བའི་གྱོང་གུན་30%ཙམ་ཆག་ཡོད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་མང་དུ་འགྲོ་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད། ལྷག་པར་དུ་2023ལོའི་ཟླ་7པ་ནས་བཟུང་། འབར་མའི་བྱང་རྒྱུད་ཀྱི་རང་རྒྱལ་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལས་དོན་ཐད་གྲུབ་འབྲས་གལ་ཆེན་ཐོབ་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་དོགས་ཡོད་ཉེས་ཅན་ཁྲི་4.9ངེད་ཕྱོགས་ལ་རྩིས་སྤྲོད་བྱས་པ་དང་། མིང་ངན་ཀུན་ལ་ཁྱབ་པའི་འབར་མའི་བྱང་རྒྱུད་ཀོའོ་ཀོན་གྱི“ཁྱིམ་རྒྱུད་ཆེན་པོ་བཞིའི”ཉེས་གསོག་ཚོགས་པར་གཏོར་བརླག་རང་བཞིན་གྱི་རྡུང་རྡེག་བཏང་ཡོད། པའེ་སུའོ་ཁྲེང་དང་། པའེ་དབྱིན་ཚང། མིང་ཀྲེན་ཀྲེན། ཝུའེ་ཧོའེ་རེན། ལིའུ་ཀྲེང་མའོ་སོགས་དོགས་ཡོད་ཉེས་ཅན་ཚང་མ་བཟུང་བ་རེད།