འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་27ཉིན།

༄༅།།དཀྲོག་གཏམ་འདི་ཐེར་འདོན་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་27ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཟླ་5ཚེས་24ཉིན་ཉེན་ཁའི་དྲན་སྐུལ་ཁྱབ་བསྒྲགས་བྱས་དོན། ཉེ་དུས་ཁ་བསླུས་ཚོགས་པ་ཞིག་གིས་དངུལ་བུན་གཡར་ནས་ཟོག་འདྲེན་རླངས་འཁོར་ཉོ་བར་“ཐོག་མའི་དངུལ་སྤྲོད་མི་དགོས་པའི་” དྲིལ་བསྒྲགས་རྫུན་མ་བྱས་པ་དང་། “ལས་ཀ་འཚོལ་རྒྱུར་བྲེལ་བའི་”སེམས་ཁམས་སྤྱད་ནས་དྲ་ཐོག་ནས་“གླ་ཕོགས་མཐོ་བའི་གདན་ཞུ་” དང་།  “དངོས་སྦྱོང་”སོགས་ཆ་འཕྲིན་རྫུན་མ་ཁྱབ་བསྒྲགས་བྱས་པ་དཔེར་ན། ཟོག་འདྲེན་རླངས་འཁོར་བཙུགས་ནས་གདན་ཞུས་ཁ་ལོ་བར་དངུལ་བུན་གཡར་ནས་རླངས་འཁོར་ཉོ་བ་དང་། “ལས་ཞུགས་”ཀྱི་རེ་བ་ཞུ་རུ་འཇུག་པའམ་ཡང་ན་མནའ་འབྲེལ་གྲོན་དངུལ་འཇལ་དུ་བཅུག་ཡོད། གདན་ཞུས་དང་ལེན་བྱེད་མཁན་ཁ་ལོ་བས་རླངས་འཁོར་བླངས་རྗེས། ལས་ཀ་བྱེད་དཀའ་བ་དང་། རླངས་འཁོར་ཕྱིར་སློག་དཀའ་བ། དངུལ་ཕྱིར་སློག་དཀའ་བ་བཅས་འཕྲད་པའི་མཐར་སྔོན་དཔག་གི་ཡོང་འབབ་མ་ཐོབ་པར་བུ་ལོན་མང་པོ་ཟུག་ཀྱིན་ཡོད་པ་རེད། གཡོ་སྒྱུ་དེ་དང་འདྲ་བའི་ནང་ད་དུང་གདན་ཞུའི་མིང་གཡར་ནས་ལས་ཀ་འཚོལ་མཁན་ལ་མགོ་སྐོར་བཏང་ནས་ལས་གནས་ཀྱི་དགོས་མཁོ་དང་། གསོ་སྦྱོང་གྲོན་དངུལ། རྒྱུ་ཆའི་གྲོན་དངུལ། ཁག་ཐེག་དངུལ་སོགས་ཀྱི་མིང་ཐོག་ནས་གྲོན་དངུལ་སྣ་ཚོགས་བསྡུ་བ་དང་། ཐ་ན་ལས་ཀ་འཚོལ་མཁན་ལ་དངུལ་བུན་ལས་སྟེགས་བརྒྱུད་དངུལ་བུན་བཏང་ནས་འབྲེལ་ཡོད་གྲོན་དངུལ་སྤྲོད་དུ་འཇུག་གི་ཡོད་པ་རེད།