འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་22ཉིན།

༄༅།།སྐྱིན་ཚབ་དངུལ་འདིའི་ཚད་གཞི་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་22ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2024ལོའི་ཟླ་5ཚེས་17ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། 2023ལོར་རྒྱལ་ཡོངས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་སྡེ་ཚན་གྱི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་120698དང་། ཉིན་རེའི་ཆ་སྙོམས་གླ་ཕོགས་སྒོར་462.44ཟིན་ཡོད་པ་རེད། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བརྡ་ཐོ་བཏང་ནས། 2024ལོའི་ཟླ་5ཚེས་20ཉིན་ནས་བཟུང་། རྒྱལ་ཁབ་ཀྱི་སྐྱིན་ཚབ་འཇལ་བའི་གཏན་འབེབས་བྱེད་སྐབས། སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་བཏང་བའི་སྐྱིན་ཚབ་འཇལ་བའི་དངུལ་ཉིན་རེར་སྒོར་462.44ལྟར་རྩིས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། 
     རྒྱལ་ཁབ་ཀྱི་སྐྱིན་ཚབ་བཅའ་ཁྲིམས་ཀྱི་དོན་ཚན་སོ་གསུམ་པའི་ནང་།  “སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་བཏང་རིགས། ཉིན་རེའི་སྐྱིན་ཚབ་འཇལ་དངུལ་དེ་རྒྱལ་ཁབ་ཀྱི་ལོ་གོང་མའི་ལས་བཟོ་པའི་ཉིན་རེའི་ཆ་སྙོམས་གླ་ཕོགས་ལྟར་རྩིས་རྒྱག་དགོས”ཞེས་གཏན་འབེབས་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རིམ་པ་ཁག་གི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་སྐྱིན་ཚབ་བཅའ་ཁྲིམས་ཀྱི་དོན་ཚན་སོ་གསུམ་པ་དང་། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་སྐྱིན་ཚབ་འཇལ་རྒྱུའི་གྱོད་དོན་སྒྲུབ་པར་སྤྱད་འཐུས་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》ཀྱི་དོན་ཚན་ཉེར་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར། 2024ལོའི་ཟླ་5ཚེས་20ཉིན་ནས་བཟུང་། རྒྱལ་ཁབ་ཀྱི་སྐྱིན་ཚབ་འཇལ་རྒྱུའི་གཏན་འབེབས་བྱེད་སྐབས་གོང་གསལ་གྱི་ཚད་གཞི་ལྟར་རྩིས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།