འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་22ཉིན།

༄༅།།ཐའེ་ཝན་གྱི་གནད་དོན་ཐད་འདི་ལྟར་བཤད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་22ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཟླ་5ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པ་ཞིག་གིས། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་ཐའེ་ཝན་ས་ཁུལ་གྱི“འགན་བཞེས་མཛད་སྒོ”ཟེར་བར“རྟེན་འབྲེལ”ཞུས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།  
     ཝང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལས་ཚབས་ཆེན་འགལ་བ་དང་། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ས་ཁུལ་བར་རིག་གནས་དང་། ཚོང་དོན། གཞུང་ཕྱོགས་མིན་པའི་འབྲེལ་བ་གཞན་དག་ཁོ་ན་རྒྱུན་འཁྱོངས་བྱ་རྒྱུའི་ཆབ་སྲིད་ཀྱི་ཁས་ལེན་ལས་ཚབས་ཆེན་འགལ་ནས། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་བཏང་ཡོད། ཀྲུང་གོ་ཕྱོགས་དེར་ཧ་ཅང་ཡིད་མི་ཚིམ་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཨ་རི་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས་ཡོད་ཅེས་བཤད། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་ལྟེ་བ་དེ་ཡིན་ལ། ཀྲུང་ཨའི་འབྲེལ་བའི་བརྒལ་ཐབས་མེད་པའི་ཐིག་དམར་དང་པོ་དེ་ཡང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་རི་དང་ཐའེ་ཝན་གྱིས་རྣམ་པ་གང་རུང་གི་གཞུང་ཕྱོགས་འགྲོ་འོང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་རྣམ་པ་གང་རུང་དང་ཁ་གཡར་ས་གང་རུང་གི་ཐོག་ནས་ཐའེ་ཝན་གྱི་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།