འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་23ཉིན།

༄༅།།འདི་རུ་ཡུལ་སྐོར་དང་མྱུལ་དཔྱད་སོགས་བྱས་མི་ཆོག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་22ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་5ཚེས་20ཉིན། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་(ཨ་ཆེན་གངས་རྒྱབ)གླིང་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་བཅོས་སྐྱོང་དོ་དམ་ཁྲུའུ་ཐོན་ཁུངས་ཁོར་ཡུག་ཁྲིམས་བསྟར་ཅུས་ཀྱིས《འབྲི་ཆུའི་འགོ་ཁུངས་ཀྱི་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་ཡུལ་སྐོར་དང་། མྱུལ་དཔྱད་། བརྒྱུད་བརྒལ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ》ཁྱབ་བསྒྲགས་བྱས་པ་རེད།
   གཅིག གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་འགོ་ཁུངས་ཁུལ་དུ་ཡུལ་སྐོར་དང་། མྱུལ་དཔྱད། བརྒྱུད་བརྒལ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། རྩ་འཛུགས་སམ་མི་སྒེར་ཡོད་ཚད་ཆོག་མཆན་མ་ཐོབ་པར་རང་འདོད་ཀྱིས་འཛུལ་མི་ཆོག  གཏན་འབེབས་ལས་འགལ་བའི་སྡེ་ཚན་ནམ་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་ནན་མོ་གཅོད་རྒྱུ། ཁྲིམས་འགལ་གྱིས་ཡུལ་སྐོར་དང་། མྱུལ་དཔྱད། བརྒྱུད་བརྒལ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པའི་དབང་གིས་ལྟེ་བའི་སྲུང་སྐྱོབ་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་སྡེ་ཚན་ནམ་མི་སྒེར་ལ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་སྤྲད་ནས་ཉེས་འགན་བདའ་འདེད་གཏོང་རྒྱུ། རང་དགར་ནང་དུ་འཛུལ་བྱས་ནས་ཤི་རྨས་བྱུང་བ་སོགས་ཀྱི་དོན་རྐྱེན་བྱུང་ན། བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་སྡེ་ཚན་ནམ་མི་སྒེར་གྱིས་འབྲེལ་ཡོད་འགན་འཁྲི་འཁུར་དགོས།
   གཉིས། ཚན་རིག་ཞིབ་འཇུག་གི་དགོས་མཁོའི་དབང་གིས་ངེས་པར་དུ་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་སོང་ནས་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱེད་སྒོ་སྤེལ་དགོས་རིགས། ངེས་པར་དུ་སྔོན་ལ་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ལ་རེ་ཞུ་དང་བྱེད་སྒོའི་འཆར་གཞི་འབུལ་དགོས། དོ་དམ་ཅུས་ཀྱི་འབྲེལ་ཡོད་སྒྲིག་གཞིས་ཞིབ་མཆན་བཀོད་པ་དང་འབྲེལ་འབྲི་ཆུའི་འགོ་ཁུངས(ཨ་ཆེན་གངས་རྒྱབ་)གླིང་ཁུལ་འབྲི་སྟོད་དོ་དམ་ཅུས་སུ་ཐོ་འགོད་སྙན་སེང་ཞུས་རྗེས། ཆོག་མཆན་སྤྲད་པའི་འཆར་གཞི་དང་ལམ་ཐིག་གཞིར་བཟུང་ནས་འབྲེལ་ཡོད་བྱེད་སྒོ་སྤེལ་ཆོག འབྲི་ཆུའི་འགོ་ཁུངས་(ཨ་ཆེན་གངས་རྒྱབ)གླིང་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་གཙོ་གནད་ཁྲིམས་འགལ་གྱིས་བྱེད་སྒོ་སྤེལ་བའི་གཙོ་གནད་ས་ཁུལ་གྱི་ཁྱབ་ཁོངས་ནི། འབྲི་སྟོད་རྫོང་གི་ཟོ་སྐྱ་ཞང་། བྲག་དཀར་ཞང་། ལི་ཞིན་ཞང་བཅས་ཡིན། 
   གསུམ། རྒྱལ་ཁབ་སྤྱི་གླིང་ནང་ཁུལ་བགོས་དོ་དམ་ཚོད་འཛིན་གྱི་བླང་བྱ་བརྩི་སྲུང་ནན་པོ་ཞུ་དགོས། རང་བྱུང་སྐྱེ་ཁམས་མ་ལག་ལ་གནོད་འཚེ་མི་ཕོག་པའི་སྔོན་འགྲོའི་ཆ་རྐྱེན་འོག སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་དམིགས་བསལ་ཆོག་མཆན་བཀོད་པའི་གཉེར་སྐྱོང་གི་རྣམ་པའི་ཐོག་ནས་བཅའ་ཁྲིམས་ལྟར་སྐྱེ་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོ་སོགས་འབྲེལ་ཡོད་བྱེད་སྒོ་སྤེལ་ཆོག གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཞིབ་མཆན་མ་ཐོབ་པར་རྩ་འཛུགས་དང་མི་སྒེར་གང་རུང་གིས་སྐྱེ་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོ་སོགས་ཀྱི་བྱེད་སྒོ་རང་མཚམས་ཀྱིས་སྒྲིག་འཛུགས་བྱས་མི་ཆོག་པ་དང་། ཞིབ་བཤེར་ཐག་གཅོད་བྱུང་ཚེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་གཅོད་རྒྱུ།
    བཞི། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར། རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་དྲ་རྒྱ་དང་། ཚགས་པར། དུས་དེབ་སོགས་སྨྱན་སྦྱོར་སྟེགས་བུ་སྣ་ཚོགས་ཐོག་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱས་མི་ཆོག རང་འདོད་ཀྱིས་ཆ་འཕྲིན་རྫུན་བཟོ་བྱས་ནས་ཡུལ་སྐོར་དང་། མྱུལ་དཔྱད། བརྒྱུད་བརྒལ་ལམ་ཐིག་བཟོས་པ་ལས་ཤུགས་རྐྱེན་ངན་པ་བཟོས་པའི་སྡེ་ཚན་དང་མི་སྒེར་ལ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ། 
   ལྔ། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་(ཨ་ཆེན་གངས་རྒྱབ)གླིང་ཁུལ་གྱི་རང་བྱུང་ཐོན་ཁུངས་རྒྱལ་ཁབ་ལ་དབང་བ་དང་། སྡེ་ཚན་དང་མི་སྒེར་ཚང་མར་རང་རྟོགས་ཀྱིས་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་དང་། རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་དང་ཁོར་ཡུག་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད། རང་འདོད་ཀྱིས་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་དུ་འཛུལ་རྒྱུ་སྒྲིག་འཛུགས་བྱས་ནས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་སྡེ་ཚན་དང་མི་སྒེར་གང་རུང་ཚང་མར་ཐེར་འདོན་དང་བཀག་འགོག་བྱེད་པའི་དབང་ཆ་ཡོད།