འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་23ཉིན།

༄༅།།གནམ་གྲུ་ཞིག་ཛ་དྲག་ངང་བཙན་འབབ་བྱས་པར་ཤི་རྨས་བྱུང། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་22ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4ཙམ་ལ། སིང་ཀ་ཕོར་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་SQ321འགྲུལ་སྐྱེལ་གནམ་གྲུ་ཛ་དྲག་ངང་ཐེ་ལན་པང་ཁོག་སུའུ་ཝན་ན་ཕུའུ་གནམ་ཐང་དུ་བཙན་འབབ་བྱས་པར། མི་1རྐྱེན་ལམ་དུ་ཤོར་བ་དང་མི་30ལ་རྨས་སྐྱོན་ཕོག་ཡོད་པ་རེད།
   དེ་གོང་གི་གཞི་གྲངས་ཟིན་ཐོར་གཞིགས་ན། དུས་གཏན་གནམ་གྲུ་དེས་མ་གཞི་དབྱིན་ཇིའི་ཞི་སི་ལུའོ་གནམ་ཐང་ནས་སིང་ཀ་ཕོར་གྱི་ཀྲང་དབྱི་གནམ་ཐང་བར་གྱི་འཕུར་སྐྱོད་ལས་འགན་སྒྲུབ་ཀྱི་ཡོད་མོད། འོན་ཀྱང་། མཐར་དོན་རྐྱེན་དབང་གིས་ཐེ་ལན་པང་ཁོག་གི་སུའུ་ཝན་ན་ཕུའུ་གནམ་ཐང་དུ་བཙན་འབབ་བྱས་ཡོད་པ་རེད།
   འབྲེལ་ཡོད་འགྲུལ་སྐྱེལ་གནམ་གྲུའི་དྲ་ཚིགས་Planespottersཡི་ལོ་རྒྱུས་ཟིན་ཐོར་གཞིགས་ན། འབྲེལ་ཡོད་འགྲུལ་སྐྱེལ་གནམ་གྲུ་ནི་པའོ་དབྱིན་777ནས་300བར་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཡིན་པ་དང་། གནམ་གྲུའི་ལོ་ཚོད་ལོ་16ཡིན་པ་དང་། 2008ལོའི་ཟླ་2པར་སིང་ཀ་ཕོར་མཁའ་འགྲུལ་ལ་རྩིས་སྤྲོད་བྱས་འདུག