འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་23ཉིན།

༄༅།།འགོ་ཁྲིད་འདི་དག་འཛིན་རྒྱུའི་ཐག་བཅད་པ།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་22ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཨན་ཧུའེ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཝུའུ་པིན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། 
   ཨན་ཧུའེ་ཞིང་ཆེན་པོའོ་ཀྲོའུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཟུར་པ་ཝུའུ་པིན་(ཐིང་རིམ་པ་གཞོན་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཨན་ཧུའེ་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྐྱེལ། ལྐོག་རྔན་བླངས་པའི་ཉེས་གསོག་གི་མིང་ཐོག་ནས། ཉིན་ཤས་གོང་། ཨན་ཧུའེ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཝུའུ་པིན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད། 
   ཧྥུའུ་ཅན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞ་རང་ཤིན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། 
   ཧྥུའུ་ཅན་ཞིང་ཆེན་ཆུ་བེད་དངུལ་འཇོག་གསར་སྤེལ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་ཅིང་ལི་གཞོན་པ་ཟུར་པ་ཞ་རང་ཤིན་(ཐིང་རིམ་པ་གཞོན་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། ཧྥུའུ་ཅན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྐྱེལ། ཧྥུའུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་རྩིས་སྤྲོད་བྱས་པ་བརྒྱུད། ཧྥུའུ་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཁྲིམས་སྦྱོར་བྱས། ལྐོག་རྔན་བླངས་པའི་ཉེས་གསོག་གི་མིང་ཐོག་ནས། ཉིན་ཤས་གོང་། ཧྥུའུ་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞ་རང་ཤིན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད། 
   ཀུའེ་ཀྲོའུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲེན་ལི་ཕིང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། 
   ཀུའེ་ཀྲོའུ་ཞིང་ཨུད་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ཁྲེན་ལི་ཕིང་(ཐིང་རིམ་པ་གཞོན་པ་)ལ་ལྐོག་རྔན་བླངས་པ་དང་ལྐོག་རྔན་སྤྲད་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཀུའེ་ཀྲོའུ་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྐྱེལ། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱེད་ཁོངས་གཏན་འཁེལ་བྱས་པ་བརྒྱུད། ཆན་ནན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཁྲིམས་སྦྱོར་བྱས། ལྐོག་རྔན་བླངས་པའི་ཉེས་པ་དང་ལྐོག་རྔན་སྤྲད་པའི་ཉེས་མིང་ཐོག་ནས། ཉིན་ཤས་གོང་ཆན་ནན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེན་ལི་ཕིང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད། 
   ཧུའུ་ནན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲོའུ་ཞའོ་དབྱང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། 
   ཧུའུ་ནན་ཞིང་ཆེན་རུའུ་ཁྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཟུར་པ་ཀྲོའུ་ཞའོ་དབྱང་(ཁྲུའུ་རིམ་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྐྱེལ། ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱེད་ཁོངས་གཏན་འཁེལ་བྱས་པ་བརྒྱུད་ལོའུ་ཏི་གྲོང་ཁྱེར་ལོའུ་ཞིན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་དང་ཁྲིམས་སྦྱོར་བྱས། ལྐོག་རྔན་བླངས་པའི་ཉེས་གསོག་གི་མིང་ཐོག་ནས། ཉིན་ཤས་གོང་ལོའུ་ཞིན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཀྲོའུ་ཞའོ་དབྱང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།