འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་10ཉིན།

༄༅།།བོད་ལྗོངས་མེ་ཏོག་རྫོང་དུ་ཇ་ལོ་བཏབ་ནས་མང་ཚོགས་ཕྱུག་པོའི་ལམ་དུ་སྐྱོད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་10ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མི་བསྟན་པ་གྲགས་པ(གཡོན)དང་གྲོང་ཚོའི་ལས་བྱེད་པ་ལི་ཧྥེ་ཡིས་ཇ་ཞིང་ནང་ཇ་ལོ་འཐོག་བཞིན་པ།
འདི་ནི་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མི་བསྟན་པ་གྲགས་པ(གཡོན)དང་གྲོང་ཚོའི་ལས་བྱེད་པ་ལི་ཧྥེ་ཡིས་ཇ་ཞིང་ནང་ཇ་ལོ་འཐོག་བཞིན་པ།
     བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་1200ཟིན་ཞིང་། 2012ལོར་ཇ་ལོ་བཏབ་པ་ནས་བཟུང་གྲོང་ཚོ་39ལ་ད་ལྟ་ཚད་གཞི་མཐོ་བའི་ཇ་ཞིང་103གསར་སྤེལ་བྱས་པ་དང་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་1.92ཙམ་ཟིན་ཡོད།
     འདི་ལོའི་མེ་ཏོག་རྫོང་གི་ཇ་ལོ་ཟླ་3ཚེས་17ཉིན་ནས་འཐོག་འགོ་བརྩམས་ཤིང་། ཟླ་4ཚེས་22ཉིན་བར་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་590ལྷག་ཙམ་བྱུང་བ་མ་ཟད། ད་དུང་རྫོང་ཡོངས་ཀྱི་ཇའི་ཐོན་ལས་ཀྱི་ཟུར་བསྣན་རིན་ཐང་ཡང་སྒོར་ཁྲི་4000ལྷག་ཙམ་ཟིན་ཡོད། 
འདི་ནི་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མིས་ཇ་ལོ་ཕྱིར་འཚོང་བྱེད་བཞིན་པ།
འདི་ནི་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མིས་ཇ་ལོ་ཕྱིར་འཚོང་བྱེད་བཞིན་པ།