འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།ཡུག་རེན་གྱིས་དོན་འདི་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་8ཉིན་ཡུག་རེན་གྱི་གྲོས་མི་ཡཱ་ལུའོ་སི་ལ་ཧྥུ·རེ་ལེ་ཙི་ཉི་ཡ་ཁེ་ཡིས་དྲ་ཐོག་ཏུ་ཡུག་རེན་གྱི་ཆེས་མཐོའི་ལ་ཏས(གྲོས་ཚོགས)ཉིན་དེར་ཡུག་རེན་རྒྱལ་ཁབ་ཀྱི་དམག་དུས་རྣམ་པ་སླར་ཡང་རིང་དུ་གཏོང་བ་དང་། ཉིན་90ལ་དམག་དོན་སྐུལ་སློང་བྱེད་པའི་ཙུང་ཐུང་གི་བཀའ་རྒྱའི་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད་ཅེས་འཁོད་ཡོད་པ་རེད། 
     འཆར་ཟིན་དེར་གཞིགས་ན། ཡུག་རེན་རྒྱལ་ཁབ་ཀྱི་དམག་དུས་རྣམ་པ་དང་དམག་དོན་སྐུལ་སློང་དེ་ཟླ་5ཚེས་14ཉིན་ནས་ཟླ་8ཚེས་11ཉིན་བར་ཕྱི་སྣུར་བྱ་རྒྱུ་རེད། 
     རེ་ལེ་ཙི་ཉི་ཡ་ཁེ་ཡིས་བཤད་དོན། ཉིན་དེར་ཡུག་རེན་གྱི་ཆེས་མཐོའི་ལ་ཏ་ཡིས་རྒྱལ་ཁབ་ཀྱི་དམག་དུས་རྣམ་པ་སླར་ཡང་རིང་དུ་གཏོང་རྒྱུ་དང་། དམག་དོན་སྐུལ་སློང་བྱ་རྒྱུའི་སྐོར་གྱི་ཙུང་ཐུང་གི་བཀའ་རྒྱ་འཆར་ཟིན་ལ་སྔ་རྗེས་སུ་གྲོས་འཆམ་བྱུང་ཡོད། འདི་ནི་2022ལོའི་ཟླ་2པར་ཨུ་རུ་སུ་དང་ཡུག་རེན་བར་གདོང་གཏུག་བྱུང་བ་ནས་བཟུང་། ཡུག་རེན་གྱི་ཆེས་མཐོའི་ལ་ཏ་ཡིས་གོང་གསལ་བཀའ་ཁྲིམས་ཕྱི་སྣུར་བྱེད་པའི་ཆོག་མཆན་ཐེངས་11པ་བཀོད་པ་རེད།