འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།གློག་སྒུལ་ལྕཊ་རྟའི་ཐད་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     བཟོ་ལས་ཆ་འཕྲིན་ཅན་པུའུ་ཡི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། གློག་སྒུལ་ལྕགས་རྟའི་ལས་རིགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གློག་སྒུལ་ལྕགས་རྟའི་ཁེ་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། གློག་སྒུལ་ལྕགས་རྟའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ། ལས་རིགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་བཅས་ཀྱིས་《གློག་སྒུལ་ལྕགས་རྟའི་ལས་རིགས་ཀྱི་ཚད་ལྡན་ཆ་རྐྱེན་》དང་།《གློག་སྒུལ་ལྕགས་རྟའི་ལས་རིགས་ཚད་ལྡན་གྱི་སྤྱི་བསྒྲགས་དོ་དམ་བྱ་ཐབས་》བཟོས་པ་རེད། 
     《གློག་སྒུལ་ལྕགས་རྟའི་ལས་རིགས་ཀྱི་ཚད་ལྡན་ཆ་རྐྱེན་》ནང་། ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་མཁན་གྱི་འགན་འཁྲི་སྣུར་སྲིང་ལམ་ལུགས་དོན་འཁྱོལ་བྱས་ཏེ། རང་སྐྲུན་དང་། མངགས་བཅོལ། མཉམ་ལས་སོགས་ཀྱི་བྱ་ཐབས་བརྒྱུད་གསོག་བྱེད་གློག་སྨན་རྙིང་པ་བརྗེ་རེས་དང་ཚུར་བསྡུའི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་འཁོད་ཡོད་པ་རེད། ལིས་གྱེས་རྡུལ་བེད་མེད་གློག་སྨན་ཚུར་བསྡུ་བེད་སྤྱོད་ཚད་ལྡན་གྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། འཛད་སྤྱོད་པར་ལིས་གློག་སྨན་བེད་མེད་རྩིས་སྤྲོད་ཚད་ལྡན་དང་བདེ་འཇགས་ཡོང་བར་བྱ་རྒྱུའི་ཁྲིད་སྟོན་བྱ་དགོས། གློག་སྒུལ་ལྕགས་རྟ་དང་གསོག་བྱེད་གློག་སྨན་སྤྱོད་སྒོ་ཧྲིལ་པོའི་བདེ་འཇགས་ལ་ལྟ་སྐུལ་ཚོད་འཛིན་དོ་དམ་བྱེད་པར་བསྔགས་སྐུལ་བྱ་དགོས།