འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།པའེ་ཏེང་གིས་དོན་འདི་ཁས་ལེན་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་(CNN)ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡཱ་ཧུའུ་ཡིས་ཀཱ་ཧྲ་ས་ཁུལ་གྱི་ཆེས་ལྷོ་སྣེའི་གྲོང་ཁྱེར་ལཱ་ཧྥ་ལ་གཞི་ཁྱོན་ཆེ་བའི་ཕར་རྒོལ་བྱ་རྒྱུའི་བཀའ་ཕབ་ཚེ། ཨ་རིས་དབྱི་སི་རལ་ལ་འབར་མདེལ་དང་སྒྱོགས་མདེལ་སྐྱེལ་འདྲེན་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཐོག་མར་བཤད་པ་རེད། 
     ཨ་རིས་སྐྱེལ་འདྲེན་བྱེད་པའི་མཚོན་ཆས་ཀཱ་ཧྲའི་མི་སེར་ཤི་རྨས་བཟོས་པ་པའེ་ཏེང་གིས་ཁས་བླངས་པ་རེད། དབྱི་སི་རལ་གྱིས་ལཱ་ཧྥ་ལ་ས་ངོས་ནས་གཞི་ཁྱོན་ཆེ་བའི་བྱ་སྤྱོད་སྤེལ་ཚེ། ཨ་རིས་དབྱི་སི་རལ་ལ་འགོག་སྲུང་རང་བཞིན་གྱི་མཚོན་ཆ་མུ་མཐུད་དུ་མཁོ་འདོན་བྱ་རྒྱུ་ཡིན་མོད་ཀྱང་མཚོན་ཆ་གཞན་དག་འཕྲལ་དུ་བཀག་འགོག་བྱ་རྒྱུ་ཡིན་ལུགས་པའེ་ཏེང་གིས་གསལ་པོར་བཤད་པ་རེད།