འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན་ཕ་རི་སིར་གཉེར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཉེ་ཆར“གཞུང་འཁྱོངས་གསར་འབྱེད་དང་སྔ་འཛིན་ཕྱི་གཏོད། ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན”ཧྥ་རན་སེའི་ཕ་རི་སིར་གཉེར་བའི་གནས་ཚུལ་ཡིན་པ།
འདི་ནི་ཉེ་ཆར“གཞུང་འཁྱོངས་གསར་འབྱེད་དང་སྔ་འཛིན་ཕྱི་གཏོད། ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན”ཧྥ་རན་སེའི་ཕ་རི་སིར་གཉེར་བའི་གནས་ཚུལ་ཡིན་པ།
     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན“གཞུང་འཁྱོངས་གསར་འབྱེད་དང་སྔ་འཛིན་ཕྱི་གཏོད། ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན”ཕ་རི་སིར་གཉེར་བ་རེད།
     ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་ཤིན་ཧྭ་གསར་འགྱུར་ཁང་དང་ཧྥ་རན་སེ་གསར་འགྱུར་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། དེ་ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཧྥུའུ་ཧྭ་དང་ཧྥ་རན་སེ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཧྥུའུ་ལི་གཉིས་པོས་པར་རིས་འགྲེམས་སྟོན་གྱི་ཡོལ་བ་ཕྱེ་བ་རེད།
     ཧྥུའུ་ཧྭ་ཡིས། པར་རིས་འགྲེམས་སྟོན་ལས་ལོ་60རིང་གི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་བརྒྱུད་རིམ་དང་བརྗེད་པར་དཀའ་བའི་གནས་ཚུལ་མཚོན་ཡོད། དེ་གོ་སྐབས་སུ་བྱས་ནས་ཤིན་ཧྭ་གསར་འགྱུར་ཁང་དང་ཧྥ་རན་སེ་གསར་འགྱུར་ཁང་དབར་གྱི་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྥའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་ལེགས་སྐྱེས་ཧུར་ཐག་འབུལ་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     ཧྥུའུ་ལི་ཡིས། ཤིན་ཧྭ་གསར་འགྱུར་ཁང་དང་མཉམ་འབྲེལ་ཐོག་ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་གཉེར་བ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན། ཧྥ་རན་སེ་གསར་འགྱུར་ཁང་གིས་ཤིན་ཧྭ་གསར་འགྱུར་ཁང་དང་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་མུ་མཐུད་སྔོག་འདོན་བྱས་ནས་ཀྲུང་གོའི་ཁྱབ་ཁོངས་ཁག་གི་གནས་ཚུལ་སྤེལ་གཏོང་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ་རེད།