འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་སྟོད་པི་ལི་ཉིའུ་སི་ཞིང་ཆེན་དུ་ཀྲུང་ཧྥའི་གཙོ་བདག་
གི་ཁྱབ་ཁོངས་ཆུང་བའི་ཞལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གི་དམིགས་བསལ་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་སྟོད་པི་ལི་ཉིའུ་སི་ཞིང་ཆེན་དུ་འཚམས་འདྲིར་ཕེབས་པ་རེད། འདི་ནི་ཐཱ་པུའུ་གནམ་ཐང་དུ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བ།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གི་དམིགས་བསལ་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་སྟོད་པི་ལི་ཉིའུ་སི་ཞིང་ཆེན་དུ་འཚམས་འདྲིར་ཕེབས་པ་རེད། འདི་ནི་ཐཱ་པུའུ་གནམ་ཐང་དུ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བ།
    ཤིན་ཧྭ་གསར་འགྱུར་ཁང་ཧྥ་རན་སེའི་ཐཱ་པུའུ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གི་དམིགས་བསལ་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་རི་སི་ནས་ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་སྟོད་པི་ལི་ཉིའུ་སི་ཞིང་ཆེན་དུ་འཚམས་འདྲིར་ཕེབས་པ་རེད།
    མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེ་སྔ་སྣུར་དུ་ཕེབས་འབྱོར་ཟིན་ནས། སྟོད་པི་ལི་ཉིའུ་སི་ཞིང་ཆེན་གྱི་ཧྲེང་ཀྲང་སཱ་ལུའོ་མོན་སོགས་ཧྥ་རན་སེའི་ས་གནས་སྲིད་གཞུང་གི་འཐུས་མིའི་སྣེ་ཁྲིད་དེ། ཐཱ་པུའུ་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་དང་། མཱ་ཁེ་ལུང་རང་ཉིད་ལ་དམིགས་བསལ་གྱི་དོན་སྙིང་ལྡན་པའི་སྟོད་པི་ལི་ཉིའུ་སི་ཞིང་ཆེན་དུ་ཞི་ཅིན་ཕིང་སྟངས་དཔྱལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།
    དཔྱིད་མཇུག་དང་དབྱར་འགོའི་དུས་ཀྱི་ཧྥ་རན་སེའི་ལྷོ་རྒྱུད་རི་ཁུལ་དུ་ཁ་བ་རིམ་བཞིན་བཞུར་ནས་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་དང་། རི་སྐྱེས་མེ་ཏོག་རབ་ཏུ་བཞད་ཅིང་སྤང་ལྗོངས་སྔོ་ཐིང་ཐིང་དུ་འགྱུར་ཟིན་ཡོད།
   ཙུང་ཐུང་མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེས་ཐུར་མཱ་ལའེ་ལ་ཁའི“ལུག་རྫིའི་ཚ་ཕོག་རྒྱག་སར”ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་ཕེབས་བསུ་ཞུས་ཤིང་། ས་གནས་དེ་གའི་གྲོང་མིས་འཁྲབ་པའི་ཧྥ་རན་སེའི་ལྷོ་རྒྱུད་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་ལུག་རྫིའི་ཞབས་བྲོར་ལྷན་དུ་གཟིགས་པ་དང་འབྲེལ། ཁོང་ཚོ་དང་བྱམས་བརྩེ་ལྡན་པའི་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
     ཚ་ཕོག་རྒྱག་སའི་ཤིང་ཁང་གི་ཕྱི་རོལ་དུ་དཔྱིད་མགོའི་ཁ་བ་ལྷབ་ལྷུབ་ཏུ་འབབ་ཅིང་སྨུག་སྤྲིན་གྱི་དར་དཀར་འཐེན། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་སྒེའུ་ཁུང་འཁྲིས་ལ་བཞུགས་ཏེ་རི་ཚོགས་ལ་རྒྱང་གཟིགས་གནང་བ་དང་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བཞིན་དུ། གནམ་འོག་གི་འགྱུར་ལྡོག་གླེང་བ་དང་བག་ཕེབས་སྤྲོ་སྣང་ལྡན་པའི་རྣམ་པའི་ཁྲོད་གནད་དོན་གལ་ཆེན་ཁག་གཅིག་གི་འཐབ་ཇུས་ཀྱི་འབྲེལ་མཐུད་ཀྱང་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྭའི་ཤེས་དཔལ་ནི་འཛམ་གླིང་ཐོག་ལོ་ངོ་5000ལྷག་ཙམ་རིང་རྒྱུན་ཆད་མྱོང་མེད་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་དཔལ་འབའ་ཞིག་དེ་རེད། དེར་བརྟེན། ཀྲུང་གོ་བར་ཁྱིམ་ཞེན་རྒྱལ་གཅེས་ཀྱི་འདུ་ཤེས་ཧ་ཅང་ཟབ་མོ་ཡོད་ལ། ལྷག་པར་དུ་རྒྱལ་ཁབ་གཅིག་གྱུར་ལ་མཐོང་ཆེན་དང་གཅེས་འཛིན་བྱེད་ཀྱི་ཡོད། ཕྱིར་སྡོད་རང་མི་མང་པོ་ཞིག་ཕྱི་རྒྱལ་དུ་ལོ་མང་འཚོ་བ་སྐྱེལ་བཞིན་ཡོད་ཀྱང་སྔར་བཞིན་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་བཅངས་ནས་མེས་རྒྱལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྙིང་དབུས་ནས་སྤོབས་པ་ཆེན་པོ་སྐྱེ་བཞིན་ཡོད། ངས་འཚམས་འདྲི་བྱེད་རིང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། དེ་བཞིན་ཕྱི་སྦྱོང་སློབ་མ་མང་པོ་ཞིག་གིས་རང་འགུལ་ངང་ལམ་བར་དུ་བསྒུགས་ནས་དགའ་བསུ་ཞུ་བ་རྟག་ཏུ་མཐོང་གི་འདུག ད་ཆ་ཀྲུང་གོར་ལོ་བརྒྱའི་འབད་འཐབ་དམིགས་ཚད་དང་པོ་མངོན་འགྱུར་བྱུང་ཡོད་ཅིང་། ཀྲུང་གོའི་མི་དམངས་ཀྱི་རྒྱུན་མཐུད་འབད་འཐབ་བརྒྱུད་ཀྲུང་གོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཧྥ་རན་སེ་གཉིས་མ་གཞི་ཤར་ནུབ་ཕྱོགས་ཀྱི་ཤེས་དཔལ་གྱི་དབྱེ་བ་ཆོད་ནས། རིན་ཐང་གི་འདུ་ཤེས་དང་སྤྱི་ཚོགས་ཀྱི་ལམ་ལུགས་འདྲ་གི་མེད་མོད། འོན་ཀྱང་གཉིས་ཀས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་བསྟུན་ཡང་གཅིག་མཚུངས་མི་བྱེད་པར་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་པ་བརྒྱུད་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་དེ་བཞིན་མིའི་རིགས་ཀྱི་ཡར་ཐོན་ལ་ལེགས་སྐྱེས་གསར་པ་འབུལ་ཆོག ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་དང་ཡོ་རོབ་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཕན་ཚུན་ངོས་འཛིན་ཡང་དག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྥ་དང་ཀྲུང་ཡོ་མི་དམངས་དབར་གྱི་མཛའ་གྲོགས་གཏམ་རྒྱུད་སྙན་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་འདོད་ཡོད།
    མཱ་ཁེ་ལུང་གིས་གསུངས་དོན། ན་ནིང་ང་ཀྲུང་གོར་འཚམས་འདྲིར་ཕྱིན་པ་དང་ལྷག་པར་དུ་ཀོང་ཀྲོའུ་སུང་ཡོན་སྐྱེད་ཚལ་དུ་ཞལ་འཛོམས་བྱུང་བར་བག་ཆགས་ཟབ་མོ་བཞག་བྱུང་། སྐུ་ཞབས་ཀྲུའུ་ཞི་མཆོག་དང་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད། ངས་ཀྲུང་གོའི་ལོ་རྒྱུས་དང་། རིག་གནས། འདུ་ཤེས། འཕེལ་རྒྱས་ཀྱི་བརྒྱུད་རིམ་བཅས་ལ་སྔར་བས་རྒྱུས་མངའ་ལོན་པ་དང་། གནད་དོན་གལ་ཆེན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་ངོས་འཛིན་བྱེད་ཟབ་ཏུ་ཕྱིན་སོང་། མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་གཏན་འཁེལ་མེད་པའི་རང་བཞིན་མང་བས་ཡོ་རོབ་ཀྱིས་འཐབ་ཇུས་རང་བདག་དང་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། ཡོ་རོབ་དང་ཀྲུང་གོའི་དབར་འབྲེལ་བ་བཟང་པོ་འཕེལ་རྒྱས་གཏོང་བ་དང་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེའང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཧྥ་ཀྲུང་རྒྱལ་ཁབ་གཉིས་ཀ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཡོ་རོབ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་ནུས་པ་ཧུར་ཐག་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
    ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཁེ་ལུང་སྟངས་དཔྱལ་གྱིས་སྤྲོ་སེམས་འཁོལ་བའི་གདན་ཞུ་དང་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། དེ་རིང་ངེད་བཟའ་ཚོས་ཙུང་ཐུང་མཱ་ཁེ་ལུང་སྟངས་དཔྱལ་དང་ལྷན་དུ་མཛེས་སྡུག་ལྡན་ལ་བརྗེད་པར་དཀའ་བའི་དུས་ལ་རོལ་བ་ཡིན། ཙུང་ཐུང་མཱ་ཁེ་ལུང་གིས་རྒྱུན་གཏན་རང་བཞིན་གྱི་འགྲོ་འོང་དང་ཐུན་མོང་ཐོག་འབད་བརྩོན་གྱིས་ཀྲུང་ཧྥའི་འབྲེལ་བ་དང་ཀྲུང་ཡོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ནས། རྙོག་འཛིང་ཟང་ཟིང་གི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་རྒྱུའི་རེ་བ་ཡོད། ཙུང་ཐུང་མཱ་ཁེ་ལུང་ལ་ཁོམ་པ་ཡོད་དུས་སླར་ཡང་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།
    ཞལ་གྱེས་སྐབས། ས་གནས་དེ་གའི་གྲོང་མིས་རྫི་གླུ་བླངས་ནས་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་འཚམས་འདྲིར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སྤྲོ་སེམས་འཁོལ་པོས་ཁོང་རྣམ་གཉིས་བསྐྱར་དུ་ཕེབས་རྒྱུའི་གདན་ཞུ་ཡང་བྱས་པ་རེད།
    ཞི་ཅིན་ཕིང་གིས། འདི་གའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཁྱད་ལྡན་ཞིམ་ཟས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཧྥ་རན་སེའི་སྤུས་ལེགས་ཞིང་ལས་དང་བཟའ་བཅའི་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་མང་ཚོགས་ལ་མཁོ་འདོན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ལ་མཛའ་གྲོགས་ལྡན་པའི་ཧྥ་རན་སེའི་མི་དམངས་དེ་བས་མང་བ་ཀྲུང་གོར་ལྟ་སྐོར་དང་འཚམས་འདྲིར་ཡོང་རྒྱུར་ཡང་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།
    མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེའི་ཕེབས་རོགས་འོག་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཐུར་མཱ་ལའེ་ལ་ཁ་ནས་ཞལ་གྱེས་ཏེ་ཐཱ་པུའུ་རུ་ཕྱིར་ལོག་གནང་བ་དང་འབྲེལ་གནམ་ཐང་དུ་དངོས་གཞིའི་ཕེབས་སྐྱེལ་མཛད་སྒོ་ཡང་འཚོགས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་པེ་ཅིང་དུ་ཡང་བསྐྱར་མཇལ་རྒྱུའི་ཞལ་ཆད་གནང་བ་རེད།
    དེ་ཉིན་དགོང་མོར། ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཧྥ་རན་སེ་ནས་ཞལ་གྱེས་ཏེ་པེར་ཀེ་ལའེ་ཏེར་ཕེབས་པ་དང་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིའི་གདན་ཞུས་ལྟར་སེར་པི་ཡར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གི་དམིགས་བསལ་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་སྟོད་པི་ལི་ཉིའུ་སི་ཞིང་ཆེན་དུ་འཚམས་འདྲིར་ཕེབས་པ་རེད། ཐུར་མཱ་ལའེ་ལ་ཁའི“ལུག་རྫིའི་ཚ་ཕོག་རྒྱག་སར”ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེ་དང་ལྷན་དུ་ས་གནས་དེ་གའི་གྲོང་མིས་འཁྲབ་པའི་ཧྥ་རན་སེའི་ལྷོ་རྒྱུད་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་ལུག་རྫིའི་ཞབས་བྲོ་མཉམ་དུ་གཟིགས་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གི་དམིགས་བསལ་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་སྟོད་པི་ལི་ཉིའུ་སི་ཞིང་ཆེན་དུ་འཚམས་འདྲིར་ཕེབས་པ་རེད། ཐུར་མཱ་ལའེ་ལ་ཁའི“ལུག་རྫིའི་ཚ་ཕོག་རྒྱག་སར”ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེ་དང་ལྷན་དུ་ས་གནས་དེ་གའི་གྲོང་མིས་འཁྲབ་པའི་ཧྥ་རན་སེའི་ལྷོ་རྒྱུད་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་ལུག་རྫིའི་ཞབས་བྲོ་མཉམ་དུ་གཟིགས་བཞིན་པ།