འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།གཙོད་ཀྱིས་གནས་སྤོ་འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གཙོད་ཀྱིས་གནས་སྤོ་འགོ་ཚུགས།
   ཚེས་7ཉིན་གསར་འགོད་པས་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་མགོ་ཁུངས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་གསལ། རི་དྭགས་གཙོད་ཀྱིས་ཉེ་ཆར་ལོ་རེར་ཐེངས་རེའི་གནས་སྤོས་ནས་གཙོད་ཕྲུག་བཙའ་མགོ་བརྩམས་འདུག
   ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཝུའུ་ཏའོ་ལེའང་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་འཛིན་གཞོན་པ་ཀརྨ་ཡར་འཕེལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་7ཉིན་གྱི་སྔ་དྲོར། མོ་གཙོད་47མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3001བརྒྱུད་ནས་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོ་རུ་གནས་སྤོས་ཡོད་པ་རེད། 
   གཙོད་ཀྱིས་གནས་སྤོ་བ་ནི་འཛམ་གླིང་ཁྱབ་ཁོངས་ཀྱི་བརྗིད་ཆེ་བའི་རྨིག་ལྡན་སྲོག་ཆགས་ཀྱི་གནས་སྤོ་ཆེ་གྲས་ཤིག་ཡིན། ལོ་རེར་བོད་ལྗོངས་ཀྱི་བྱང་ཐང་དང་། ཞིན་ཅང་གི་ཨའར་ཅིན་ཧྲན་རི་བོ། མཚོ་སྔོན་གྱི་གཙང་གསུམ་མགོ་ཁུངས་ནས་ཡོང་བའི་མོ་གཙོད་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོ་རུ་ཕྲུ་གུ་བཙའ་བར་འགྲོ་སྲིད་ལ། དེ་ནས་གཙོད་ཕྲུག་ཁྲིད་དེ་ཕྱིར་ལོག་སྲིད། 
    ཤེས་རྟོགས་བྱུང་བར་གཞིགས་ན། གཙོད་ཀྱིས་གནས་སྤོས་ནས་ཕྲུ་གུ་བཙའ་རིང་། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ལས་དོན་མི་སྣས་གཙོད་གནས་སྤོ་བྱེད་པའི་དུས་ཚོད་དང་། གྲངས་འབོར། འབྲེལ་ཡོད་གནས་ཚུལ་བཅས་ལ་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་ཡག་པོ་རྒྱག་རྒྱུ་དང་། སྐབས་དེར་ནགས་ཚལ་སྤྱི་བདེས་ཀྱང་སྐོར་ཞིབ་དང་སྐོར་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། གཙོད་ནི་རི་དྭགས་སེམས་ཆུང་ཅན་ཞིག་ཡིན་པས། དོ་དམ་སྡེ་ཁག་གིས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་དང་རླངས་འཁོར་ལ་སྲུང་སྐྱོབ་ས་ཚིགས་ཀྱི་ལས་དོན་མི་སྣའི་བཀོད་འདོམས་ལ་ཉན་དགོས་པ་དང་། འགྲོས་ཇེ་དལ་དུ་བཏང་ནས་གཡོལ་ཐབས་བྱེད་དགོས་ཤིང་། ཨ་ཆེན་གངས་རྒྱབ་ཏུ་རང་དགར་མི་འགྲོ་བའི་དྲན་སྐུལ་བྱས་པ་རེད། 
༄༅།།གཙོད་ཀྱིས་གནས་སྤོ་འགོ་ཚུགས།