འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།ཞི་ཅིན་ཕིང་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོང་ཁྱེར་ཕ་རི་སེར་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་ཤིང་། འདི་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲུང་དམག་རུ་ཁག་དང་སྐམ་མཚོ་མཁའ་དམག་གསུམ་གྱི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོང་ཁྱེར་ཕ་རི་སིར་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།
    ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རླངས་འཁོར་ལ་བཞུགས་ནས་འབྱོར་སྐབས། མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེ་རྣམ་གཉིས་ཀྱིས་རླངས་འཁོར་ནས་འབབ་སར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད། རྔམ་བརྗིད་ལྡན་པའི་མདུན་སྐྱོད་གླུ་དབྱངས་ཁྲོད་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ཐང་ཆེན་དུ་ཕེབས་པ་དང་། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།
   རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་སྲུང་དམག་དཔུང་དང་སྐམ་མཚོ་མཁའ་གསུམ་གྱི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད། དེ་རྗེས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྥ་རན་སེའི་ཕྱོགས་ཀྱི་དཔོན་རིགས་གཙོ་བོ་རེ་རེ་བཞིན་ལ་ཕྱག་བཏང་ནས་གུས་ལན་མཚོན་པར་གནང་བ་དང་། མཱ་ཁེ་ལུང་སྟངས་དཔྱལ་གྱིས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣར་ཕྱག་བཏང་ནས་གུས་ལན་མཚོན་པར་གནང་བ་རེད།
   དགའ་བསུ་ཞུ་བའི་མཛད་སྒོ་ཚར་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་སྲུང་དམག་གི་རྟ་དམག་148ལས་གྲུབ་པའི་རྟ་རགས་རུ་ཁག་དང་སྦག་སྦག་རུ་ཁག་གི་སྲུང་སྐྱེལ་འོག་རླངས་འཁོར་ལ་བཞུགས་ནས་ཕོ་བྲང་ཨའེ་ལི་ཧྲེ་ལ་ཕེབས་པ་རེད།
    ཚའེ་ཆི་དང་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་་པ་རེད།