འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གནའ་དཔེ》(རྒྱལ་སྤྱིའི་དཔར་མ)ཧྥ་རན་སེའི་གཙོ་རྒྱུན་
སྨྱན་སྦྱོར་ནས་གཏོང་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གནའ་དཔེ》(རྒྱལ་སྤྱིའི་དཔར་མ)འགྲེམས་སྤེལ་མཛད་སྒོ་ཚེས་6ཉིན་ཧྥ་རན་སེའི་ཕ་རི་སིར་གཉེར་བ་རེད། ལེ་ཚན་དེ་བརྙན་ལམ་མཉམ་སྤྱོད་དྲ་ཚིགས“ཉིན་རེའི་བརྙན་པར”དང་ཡོ་རོབ་གསར་འགྱུར་ཁང་སོགས་ཧྥ་རན་སེའི་གཙོ་རྒྱུན་སྨྱན་སྦྱོར་གྱི་དྲ་ཐོག་ནས་གཏོང་སྤེལ་བྱས་པ་རེད། ལེ་ཚན་དང་དེ་བཞིན་དྲིལ་བསྒྲགས་པར་གཞི་སོགས་ད་དུང་ཧྥ་རན་སེའི་BFMདཔལ་འབྱོར་བརྙན་འཕྲིན་ལས་ཁུངས་སོགས་ཡོ་རོབ་དང་གོ་ལ་ཧྲིལ་པོའི་གཙོ་རྒྱུན་སྨྱན་སྦྱོར་བརྒྱ་ཙམ་གྱིས་གཅིག་རྗེས་གཉིས་མཐུད་ངང་གཏོང་སྤེལ་བྱས་པ་རེད།
   《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གནའ་དཔེ》(རྒྱལ་སྤྱིའི་དཔར་མ)ཡི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག བཀའ་མོལ་བཅས་ནང་དྲངས་པའི་སྙན་ཚིག་དང་གནའ་དཔེ་འཇུག་གཞིར་བྱས་ཤིང་། ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་ཤེས་དཔལ། ཁྲིམས་སྐྱོང་འཛུགས་སྐྱོང་། ཐུན་མོང་འབྱོར་ཕྱུག རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་ལོ་རྒྱུས་རིག་གནས་ཀྱི་མཁྱེན་རྒྱ་ཟབ་མོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད་པ་རེད།