འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན། དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)ཆབ་སྲིད་ཅུས་ཀྱི་འགོ་ཁྲིད་པ་ཧ་ཉི་ཡཱ་དང་ཁ་པར་རྒྱག་རེས་བྱས་པ་རེད། 
     ཧ་ཉི་ཡཱ་ཡིས་ཁ་པར་ནང་ཨ་པུའུ་ཏུའུ་ལཱ་ཞི་དབྱང་དང་ཀཱ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གྱི་འབྲེལ་ཡོད་ནང་དོན་ཐད་འབྲེལ་གཏུག་བྱས་པ་རེད། ཧ་ཉི་ཡཱ་ཡིས། ཧ་མ་སིས་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་ཐོག་ནས་ཨེ་ཅིབ་དང་ཁ་ཐར་གྱིས་བཏོན་པའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་ལན་བཏབ་པའི་ནང་། དབྱི་སི་རལ་གྱིས་ཀཱ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་བྱེད་པ་དང་། ཕྱོགས་གཉིས་པོས་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱེད་པ། ཀཱ་ཧྲ་ས་ཁུལ་ལ་བཀག་སྡོམ་མེད་པར་བཟོ་བ་སོགས་ཀྱི་ནང་དོན་ཚུད་ཡོད་ཅེས་བཤད་པ་རེད། 
     ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས། དབྱི་རན་གྱིས་ཕ་ལེ་སི་ཐན་མི་དམངས་ཀྱི་དབང་ཆ་མངོན་འགྱུར་བྱ་ཆེད་འཆར་གཞི་བཏོན་པར་རྒྱབ་སྐྱོར་བྱེད་པའི་ནང་ཕ་ལེ་སི་ཐན་མི་དམངས་ལ་བཀག་སྡོམ་མེད་པར་བཟོ་བ་དང་། ཀཱ་ཧྲ་ས་ཁུལ་ལ་བཀག་སྡོམ་མེད་པར་བཟོ་བ། དབྱི་སི་རལ་དམག་དཔུང་ཀཱ་ཧྲ་ས་ཁུལ་ནས་རྦད་དེ་ཕྱིར་འཐེན་བྱེད་པ་སོགས་ཀྱི་ནང་དོན་ཚུད་ཡོད་ཅེས་བཤད་པ་རེད།