འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།མི་85རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    པར་ཙིར་ལི་ཨའོ་ཀེ་ལན་ཏེ་ལྷོ་མའི་མངའ་སྡེ་དམངས་འགོག་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གནོད་འཚེའི་གནས་ཚུལ་གསར་ཤོས་ཀྱི་སྙན་ཞུ་གཞིར་བཟུང་ན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་དགོང་མོའི་བར། མངའ་སྡེ་དེར་དྲག་ཆར་གྱི་གནོད་འཚེ་ཐོན་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་85བར་མང་དུ་ཕྱིན་ཡོད། གཞན་ཡང་། དྲག་ཆར་གྱི་གནོད་འཚེ་ཡིས་ད་དུང་མི་339ལ་རྨས་ཕོག་པ་དང་མི་134གར་སོང་ཆ་མེད་དུ་གྱུར།