འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།ས་མཐོའི་ངལ་རྩོལ་པ། སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་བཟང་པོ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་བཟང་པོས་སྦྲག་ཐོག་བསྐུར་མ་དབྱེ་གསེད་བྱེད་བཞིན་པ།
འདི་ནི་བཟང་པོས་སྦྲག་ཐོག་བསྐུར་མ་དབྱེ་གསེད་བྱེད་བཞིན་པ།
     “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་གྲགས་པའི་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་མངའ་རིས་ས་ཁུལ་དུ་གངས་རི་དང་། གྲོག་རོང་། མི་མེད་ལུང་སྟོང་སོགས་བརྒྱུད་དགོས་པའི་སྦྲག་ལམ་ཞིག་ཡོད་པ་དེ། མངའ་རིས་ཀྱི་རིམ་པ་དང་པོའི་སྦྲག་སྐྱེལ་མ་ལམ་རེད། མངའ་རིས་ས་ཁུལ་གྱི་སྦྲག་ལས་དོ་དམ་ཅུས་ཀྱི་ཐག་རིང་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་བཟང་པོས་ལམ་དེར་ལོ་26རིང་སྐྱེལ་འདྲེན་ལས་ལ་གཞོལ་ནས་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་430ལྷག་ཙམ་ཟིན་པར་བརྟེན། བཟང་པོར་2024ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པ་རེད། 
     ལོ་26རིང་། བཟང་པོས་མངའ་རིས་སྦྲག་སྐྱེལ་བྱ་གཞག་གི་འཕོ་འགྱུར་ལ་དཔང་པོ་བྱས་ཡོད། སྦྲག་སྐྱེལ་གྱི་ལས་དོན་དཀའ་ཚེགས་ཆེ་ཡང་། བཟང་པོར་འགྱོད་པ་གཏན་ནས་སྐྱེ་མྱོང་མེད། ཁོང་གིས“ད་ཆ་ལམ་བདེ་རུ་ཕྱིན་ཡོད་ལ་རླངས་འཁོར་ཡང་མང་དུ་སོང་བའི་ཁར་ངས་རིག་ནུས་ལག་ཐོགས་ཁ་པར་ཡང་སྤྱོད་ཤེས་ཀྱི་ཡོད”“སྦྲག་ལམ་ལས་ལ་གཞོལ་རྒྱུ་ནི་ངའི་རྒྱུན་གཏན་གྱི་འཚོ་བ་རེད”ཅེས་བཤད། 
 འདི་ནི་བཟང་པོས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་རྡོག་ཐོན་བྱེད་བཞིན་པ།
 འདི་ནི་བཟང་པོས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་རྡོག་ཐོན་བྱེད་བཞིན་པ།