འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།འཁེལ་འཐག་ལག་ཤེས་ལྡེ་མིག་གིས། འཚོ་བ་གསར་པའི་སྒོ་མོ་ཕྱེ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཕུད་རབས་ཨ་ཅག་ལགས་རུམ་འཐག་བཟོ་གྲྭའི་བཟོ་པས་ལས་ཀ་བྱེད་བཞིན་པ།
འདི་ནི་ཕུད་རབས་ཨ་ཅག་ལགས་རུམ་འཐག་བཟོ་གྲྭའི་བཟོ་པས་ལས་ཀ་བྱེད་བཞིན་པ།
     ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་རེད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བཀྲ་ཤིས་གྲོང་ཚོར་གནས་པའི་ཕུད་རབས་ཨ་ཅག་ལགས་ཀྱི་རུམ་འཐག་བཟོ་གྲྭ་2021ལོར་བཙུགས་ཚུན། གྲོང་ཚོ་དེ་གའི་བུད་མེད་40ཙམ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་སྟེ་ཟླ་རེར་གླ་ཕོགས་སྒོར་3000ལེན་རྒྱུ་ཡོད།