འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།མཚོ་སྔོན་གྱི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་གྲངས་འབོར་ལོ་10ཡི་གོང་ལས་400ལྷག་ཙམ་འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཡིན་ལ་ས་མཐོའི་འདམ་རའི་སྐྱེ་ཁམས་མ་ལག་གི་སྲོག་ཆགས་གཙོ་བོའི་གྲས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པས། མངའ་ཁོངས་སུ་ཡོད་པའི་གནས་སྤོའི་དུས་བྱའི་གྲངས་འབོར་དང་རིགས་མང་དུ་འགྲོ་བཞིན་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་གྲངས་འབོར་ལ་བརྟག་དཔྱད་དང་གནས་སྤོ་རྗེས་འདེད་ཞིབ་འཇུག་བྱས་ཚུན། ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་གྲངས་འབོར་2600ལྷག་ཙམ་ཟིན་པ་དེ་ལོ་10ཡི་གོང་ལས་1400ལྷག་ཙམ་འཕར་ཡོད་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་གྲངས་འབོར་ལ་བརྟག་དཔྱད་དང་གནས་སྤོ་རྗེས་འདེད་ཞིབ་འཇུག་བྱས་ཚུན། ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་གྲངས་འབོར་2600ལྷག་ཙམ་ཟིན་པ་དེ་ལོ་10ཡི་གོང་ལས་1400ལྷག་ཙམ་འཕར་ཡོད།
     2022ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་པེ་ཅིང་ནགས་ལས་སློབ་ཆེན་གྱི་ཁྲུང་ཁྲུང་སྐེ་ནག་ཞིབ་འཇུག་ཚོགས་པ་དང་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་འདབ་ཆགས་ལྟ་རོལ་མཐུན་ཚོགས་དང་མཉམ་འབྲེལ་བྱས་ཏེ་སྲུང་སྐར་རྗེས་འདེད་དང་སྲོག་ཆགས་སྐྱེ་ཁམས་རིག་པ་སོགས་ཞིབ་འཇུག་དང་ཟུང་འབྲེལ་བྱས་ནས་མཚོ་སྔོན་ཞིང་ཆེན་དུ་ཁྱབ་པའི་ཁྲུང་ཁྲུང་སྐེ་ནག་སོགས་ཁྲུང་ཁྲུང་རིགས་གསུམ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད།
     འབྲས་བུ་ལས་མངོན་པར། མིག་སྔར། མཚོ་སྔོན་དུ་ཁྲུང་ཁྲུང་སྐེ་ནག་2616ཡོད་པའི་ནང་ནས་465ནི་གནས་སྐབས་སྡོད་པའི་བྱ་རིགས་ཡིན་པ་དང་། དེ་དག་མཚོ་སྔོན་དུ་དུས་ཚིགས་རང་བཞིན་གྱི་ངལ་གསོ་དུས་ཡུན་ངེས་ཅན་ཞིག་བརྒྱབ་རྗེས་ཀན་སུའུ་རུ་འཕུར་ནས་སྐྱེ་འཕེལ་བྱེད་ཀྱི་ཡོད་པ་དང་། དེ་བྱིངས་ཀྱི་2151ནི་མཚོ་སྔོན་གྱི་དབྱར་དུས་ཀྱི་དུས་བྱ་ཡིན་པས་མཚོ་སྔོན་དུ་སྐྱེ་འཕེལ་བྱས་ནས་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་རིགས་གཅིག་མཁས་ཅན་ཚོགས་པས་ལོ་གསུམ་ལྷག་ཙམ་རིང་མཚོ་སྔོན་དུ་ཁྲུང་ཁྲུང་སྐེ་ནག་82ལ་རྗེས་སྙེག་བྱས་པ་དང་འབྲེལ་གནས་སྤོར་ཞིབ་འཇུག་ཀྱང་བྱས་ཡོད། ཚུར་བསྡུ་བྱུང་བའི་གྲངས་གཞི་ཁྲི་66ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད་མཚོ་སྔོན་གྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱབ་ཚུལ་རི་མོ་དང་གནས་སྤོའི་ལམ་ཐིག་ཞིབ་ཕྲ་ཤེས་རྟོགས་བྱུང་ཡོད།
     ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཡིན་ལ་ས་མཐོའི་འདམ་རའི་སྐྱེ་ཁམས་མ་ལག་གི་སྲོག་ཆགས་གཙོ་བོའི་གྲས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པས། མངའ་ཁོངས་སུ་ཡོད་པའི་གནས་སྤོའི་དུས་བྱའི་གྲངས་འབོར་དང་རིགས་མང་དུ་འགྲོ་བཞིན་ཡོད་པ་རེད།
     (རིག་རྡོར་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)