འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་6ཉིན།

༄༅།།འདི་ནས་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་06ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་6ཉིན། དབྱི་སི་རལ་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་སྲིད་གཞུང་གི་ཆོག་མཆན་གཞིར་བཟུང་། དབྱི་སི་རལ་དམག་གིས་བརྡ་སྦྱོར་དང་། འཕྲིན་ཐུང་། ཁ་པར་སོགས་ཀྱི་རྣམ་པའི་ཐོག་ནས་ལཱ་ཧྥ་ཤར་རྒྱུད་ས་ཁུལ་གྱི་མང་ཚོགས་མཱ་ཝ་ཞི་ས་ཁུལ་དུ་གནས་སྤོ་བའི་རེ་འབོད་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། དབྱི་སི་རལ་དམག་གིས་མཱ་ཝ་ཞི་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཁུལ་ཟེར་བ་རྒྱ་ཆེར་བཏང་བ་མ་ཟད། འབྲེལ་ཡོད་བྱེས་འཐབ་སྨན་ཁང་དང་གུར་སོགས་བཙུགས་ཡོད་ཅེས་བཤད་པ་རེད། 
     དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་སྣ་ཚང་མ་གློད་བཀྲོལ་མ་བཏང་བར་དུ། དབྱི་སི་རལ་དམག་དཔུང་གིས་ཀཱ་ཟའི་ས་གནས་ཁག་ཏུ་ཧ་མ་སིའི་དྲག་ཆས་མི་སྣར་རྗེས་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།