འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་29ཉིན།

༄༅།།ཀྲུང་གོས་དམག་སྦྱོང་འདིར་བརྒྱ་ཤོག་རིམ་པའི་དམག་ཤུགས་མངགས་རྒྱུ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་29ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཚེས་29ཉིན་“རྒྱལ་སྲུང་པུས་ཡོངས་བསྒྲགས་”སྐད་འཕྲིན་སྤྱི་སྟེགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་སོག་དམག་དཔུང་གཉིས་ཀྱི་ལོ་འཁོར་མཉམ་ལས་འཆར་གཞི་དང་ཕྱོགས་གཉིས་པོའི་ཐུན་མོང་ངོས་འཛིན་གཞིར་བཟུང་། ཀྲུང་སོག་གི་“2024ལོའི་རྩྭ་ཐང་རོགས་ཟླའི་”སྐམ་དམག་མཉམ་འབྲེལ་སྦྱོང་བརྡར་དེ་ཟླ་4པའི་ཟླ་མཇུག་ནས་ཟླ་5པའི་ཟླ་མཇུག་བར་ཕྱི་སོག་གི་ཏུང་ཀོ་པི་ཞིང་ཆེན་དུ་བྱ་རྒྱུ་ཡིན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་བརྒྱ་ཤོག་རིམ་པའི་གཞི་ཁྱོན་ལྡན་པའི་དམག་ཤུགས་མངགས་ནས། མཚོན་ཆ་སྣ་ཚོགས་དང་འཁོར་ལོའི་སྒྲིག་ཆས་སོགས་འཁྱེར་ཏེ་ཕྱི་སོག་གི་སྦྱོང་བརྡར་ནང་ཞུགས་རྒྱུ་རེད། དེ་ནི་རྒྱལ་ཁབ་གཉིས་པོའི་སྐམ་དམག་གིས་མཉམ་འབྲེལ་སྦྱོང་བརྡར་བྱེད་ཐེངས་དང་པོ་ཡིན་པ་དང་། ཁྲིམས་འགལ་དྲག་ཆས་ཚོགས་པའི་བྱེད་སྒོར་ཁ་གཏད་གཅོག་རྒྱུ་ཞིབ་འཇུག་བྱ་གཞིར་བྱས་ནས། ཀྲུང་གོ་དང་མོང་གོལ་དམག་དཔུང་གཉིས་ཀྱི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་དངོས་དོན་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་དྲང་ཕྱོགས་ཀྱི་ནུས་ཤུགས་བསྣན་ཆེད་ཡིན་པ་རེད།