འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་29ཉིན།

༄༅།།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སློང་གྲྭའི་ཇ་མའི་ལག་རྩལ་འགྲན་སྡུར་སྐབས་དང་པོ་སྤེལ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་29ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འགྲན་སྡུར་ཡུལ་དངོས།
འགྲན་སྡུར་ཡུལ་དངོས།
    ཟླ4པའི་ཚེས27ཉིན། དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་རྫོང་(གྲོང་ཁྱེར)ཁག་དང་ཐད་གཏོགས་སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་དོ་དམ་སྡེ་ཚན་གྱིས་རོགས་གཉེར་བྱས་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སློང་གྲྭའི་ཇ་མའི་ལག་རྩལ་འགྲན་སྡུར་སྐབས་དང་པོའི་བྱེད་སྒོ་སྤེལ། བྱེད་སྒོ་དེར་ཁུལ་ཡོངས་ཀྱི་ས་གནས་ཁག་གི་སློབ་གྲྭའི་ཇ་མ་ཕུལ་བྱུང་རྣམས་འགྲན་སྡུར་ནང་ཞུགས་པ་རེད། ཁོ་ཚོས་ཞིམ་ཟས་གཙོར་བྱས་ནས་དཀར་མཛེས་ཁུལ་གྱི་དམིགས་བསལ་ཅན་གྱི་མི་རིགས་ཞིམ་ཟས་རིག་གནས་དང་སློབ་གྲྭའི་བཟའ་བཏུང་ཞབས་ཞུའི་ཆུ་ཚད་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་རེད། ད་ཐེངས་ཀྱི་འགྲན་སྡུར་ཆེ་མོ་ནི་སློབ་གྲྭའི་ཇ་མའི་ཉམས་འགྱུར་འགྲེམས་སྟོན་བྱེད་པའི་གར་སྟེགས་ཤིག་ཡིན་པར་མ་ཟད། ཁུལ་ཡོངས་ཀྱི་སློབ་གྲྭའི་བཟའ་བཏུང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་རེད། འགྲན་སྡུར་ནང་ཞུགས་པའི་བརྩམས་ཆོས་ཚང་མར་འཚོ་བཅུད་དོ་སྙོམས་དང་བྲོ་བ་ཞིམ་པ། སྟབས་བདེ་བཟོ་བ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས་སློབ་གྲྭའི་བཟའ་བཏུང་གི་དགོས་མཁོ་དངོས་དང་བསྟུན་ཡོད་ལ། འགྲན་སྡུར་བདེ་བླ་ངང་སྤེལ་བ་དེས་ཁུལ་ཡོངས་ཀྱི་དགེ་སློབ་དང་སྤྱི་ཚོགས་ལས་རིགས་ཁག་ལ་མིག་ལ་མཛེས་ཤིང་བྲོ་བ་ཞིམ་པའི་གསོལ་སྟོན་ཞིག་བཤམས་པར་མ་ཟད། སློབ་གྲྭའི་བཟའ་བཏུང་རིག་གནས་བརྒྱུད་འཛིན་དང་གསར་གཏོད་ལ་དེ་བས་སྐུལ་འདེད་ནུས་ལྡན་ཐེབས་ཡོད།   
   འགྲན་སྡུར་དང་ཆེད་ལས་ཞིབ་དཔྱད་བྱས་མཐར་དཀར་མཛེས་ཁུལ་མཐོ་རིམ་སློབ་འབྲིང་གི་ཀྲོའུ་ཅན་མིང་དང་དཀར་མཛེས་རྫོང་གི་ཕེང་ཞའོ་ཀང་། ཁམས་ལྷོ་མཐོ་རིམ་སློབ་འབྲིང་གི་ཅང་ལི་ཝུའེ་བཅས་ཇ་མ་གསུམ་ལ་བྱ་དགའ་ཨང་དང་པོ་དང་།  དར་མདོ་སློབ་འབྲིང་གི་ཝུའུ་ཆང་དང་དུང་དཀར་ལུང་པའི་རེན་ཤིང་ཆིན། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ལུའོ་ལན་ཅན། སེར་ཤུལ་རྫོང་གི་ཡན་ཡུང་ཁྲང་། སྡེ་དགེ་རྫོང་གི་ལིའུ་ཡུས་མེ་བཅས་ཇ་མ་ལྔ་ལ་བྱ་དགའ་ཨང་གཉིས་པ་ཐོབ།  ལྕགས་ཟམ་རྫོང་གི་ཏེང་ཆཱང་དང་རྟའུ་རྫོང་གི་ཧུའུ་ཅན་ལིན་བཅས་ཇ་མ་བདུན་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་དེ་མིན་ཚལ་རིགས་ཆེས་ཡག་ཤོས་ལྔ་བཅས་བདམས་པ་རེད། 
   ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱི་སློབ་གྲྭའི་ཇ་མའི་ལག་རྩལ་འགྲན་སྡུར་ཆེན་མོ་སྐབས་དང་པོ་སྤེལ་བ་དེས་ཁུལ་ཡོངས་ཀྱི་སློབ་གྲྭའི་ཇ་མ་དཔུང་ཁག་གི་ཆེད་ལས་བྱང་ཚད་དང་གསར་གཏོད་ནུས་པ་གང་ལེགས་མངོན་པ་དང་། དཀར་མཛེས་ཁུལ་གྱི་བཟའ་བཏུང་རིག་གནས་བརྒྱུད་འཛིན་དང་དར་སྤེལ་ལ་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། སློབ་གྲྭའི་བཟའ་བཏུང་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་། འཚོ་བཅུད་བདེ་ཐང་དང་བྲོ་བ་ཞིམ་པ། ཁྱད་ཆོས་ལྡན་པའི་སློབ་གྲྭའི་བཟའ་བཏུང་ཁོར་ཡུག་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་བ་རེད། 
   འགྲན་སྡུར་མཇུག་འགྲིལ་རྗེས་སྒྲིག་འཛུགས་ཨུ་ལྷན་གྱིས་ཚལ་བཟོ་ཕུལ་བྱུང་བྱ་ཐབས་ལེགས་སྒྲིག་བྱས་ནས་ཁུལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་ཁྱབ་གདལ་བཏང་སྟེ་སློབ་གྲྭའི་ཟ་ཁང་གི་ཚལ་རིགས་སྤུས་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་དང་ཚལ་སྣ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དགེ་སློབ་རྣམས་ཀྱི་བཟའ་བཏུང་དགོས་མཁོ་བསྐང་རྒྱུ་ཡིན་པ་རེད།
ཚལ་རིགས།
ཚལ་རིགས།