འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་29ཉིན།

༄༅།།ཀྲུང་གོའི་རླངས་འཁོར་འགྲན་བསྡུར་རིམ་བཞིན་འཕེལ་རྒྱས་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་29ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་བའི་ལོ་ཤས་རིང་། རླངས་འཁོར་རྒྱུག་ཤེད་འགྲན་བསྡུར་སོགས་ཀྲུང་གོར་རིམ་བཞིན་དར་ཞིང་། ཀྲུང་གོར་སྐད་གྲགས་ཆོད་ཚད་མཐོ་རུ་ཕྱིན་པ་དང་དེ་བཞིན་སྤྱི་དམངས་ཀྱིས་རླངས་འཁོར་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་འགྲན་བསྡུར་དེ་རིགས་ནང་ཞུགས་མཁན་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད།
   2024ལོའི་ཏུང་ཀོན་གྲོང་ཁྱེར་ཁ་ཏིང་རླངས་འཁོར་ལེགས་སྐྱེས་འགྲན་བསྡུར་ཟླ་3པར་བྱས་ཤིང་། འགྲན་བསྡུར་འགོ་ཚུགས་པའི་བརྡ་བཏང་མ་ཐག་ཁ་ཏིང་རླངས་འཁོར་མདའ་འཕེན་པ་ལྟར་མདུན་དུ་ཤོར། འགྲན་བསྡུར་ནང་ཞུགས་མཁན་གྱི་ལོ་ཚད་གཞོན་ནུ་ལོ་ཆུང་ནས་ལོ་50བར་ཡིན། འགྲན་ཞུགས་པ་ཞིག་གིས་ང་ལོ་གཉིས་གོང་འགྲན་བསྡུར་དེ་རིགས་ནང་ཞུགས་འགོ་ཚུགས་པ་དང་ན་ནིང་མིང་ཐོ་འགོད་པའི་གྲོན་དངུལ་དང་སྒྲིག་ཆས་ཁོ་ནར་མི་དམངས་ཤོག་སྒོར་ཁྲི་གསུམ་བཞི་ཕྱིན་སོང་ཞེས་བཤད།
   རླངས་འཁོར་འགྲན་ར་གཉེར་སྐྱོང་བྱེད་མཁན་ཁྲེན་ཏ་ཤིང་གིས་2012ལོ་ནས་བཟུང་འབྲེལ་ཡོད་འགྲན་བསྡུར་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཁོང་གིས་སྐབས་དེ་དུས་དང་བསྡུར་ན་ད་ཆ་ཀྲུང་གོའི་རླངས་འཁོར་ལུས་རྩལ་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་རླངས་འཁོར་གཏོང་མཁན་ཡང་མང་དུ་འགྲོ་བཞིན་ཡོད་ཅེས་བཤད། ཀྲུང་གོ་རླངས་འཁོར་དང་སྦག་སྦག་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ཚོགས་པ་དེའི་སྦྱོང་བརྡར་དང་ལེན་བྱེད་མཁན་2020ལོའི་མི་2965ནས་2023ལོའི་མི་4619བར་མང་དུ་ཕྱིན་ཡོད་པ་རེད།
   —— 《རི་པིན་དཔལ་འབྱོར་གསར་འགྱུར》ཐོག་སྤེལ་བའི་གནས་ཚུལ།