འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་29ཉིན།

༄༅།།ཨུ་རུ་སུས་དཔྱ་ཁྲལ་འདི་མེད་པར་བཟོ་རྒྱུའི་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་29ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་28ཉིན། ཨུ་རུ་སུ་སྲིད་གཞུང་གིས་ད་ལོའི་ཟླ་5ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར་སྒུལ་ཤུགས་རྡོ་སོལ་དང་དུ་མེད་རྡོ་སོལ་ཕྱིར་གཏོང་གི་སྒོ་ཁྲལ་མེད་པར་བཟོ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བཤད་པ་རེད། གཏན་འབེབས་དེའི་དམིགས་ཡུལ་ནི་རྒྱལ་ནང་གི་རྡོ་སོལ་བཟོ་ལས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དུ་རེད། 
    ཨུ་རུ་སུ་སྲིད་གཞུང་གིས་ཟླ་3ཚེས་1ཉིན་ནས་བཟུང་རྡོ་སོལ་ལ་རང་དབང་ལྡན་པའི་ཕྱིར་གཏོང་སྒོ་ཁྲལ་ལག་བསྟར་བྱས་པ་དང་། སྒོ་ཁྲལ་གྱི་ཁྲལ་ཚད་དེ་ལུའུ་པུའུ་ཡི་དངུལ་བརྗེས་འཛའ་ཐང་དང་འབྲེལ་བ་ཡོད་པ་རེད། ལུའུ་པུའུ་ཡི་དངུལ་བརྗེས་འཛའ་ཐང་མི་འདྲ་བར་གཞིགས་ན། ཁྲལ་ཚད་4%ནས་7%བར་མི་འདྲ་བ་རེད། ལུའུ་པུའུ་དང་ཨ་སྒོར་གྱི་དངུལ་བརྗེས་འཛའ་ཐང་80∶1ལས་དམའ་ན་སྒོ་ཁྲལ་0ཡིན། ཉེ་ལམ། ལུའུ་པུའུ་དང་ཨ་སྒོར་གྱི་དངུལ་བརྗེས་འཛའ་ཐང་ཧ་ལམ་92∶1ཡིན་པ་རེད།