འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་28ཉིན།

༄༅།།ནང་ཆེན་ནས་བྲག་བརྐོས་རི་མོའི་རྗེས་ཤུལ་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་28ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནང་ཆེན་ནས་བྲག་བརྐོས་རི་མོའི་རྗེས་ཤུལ་རྙེད་འདུག
    ཟླ་4ཚེས་26ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་ཤས་གོང་ནང་ཆེན་རྫོང་རིག་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་ཅུས་ཀྱིས་རྫོང་དེའི་ཤར་མད་གྲོང་རྡལ་དང་། སྐྱོ་བྲག་ཞང་ས་ཁོངས་ཀྱི་བྲག་ཕུག་གི་ཤུལ་བཞག་དང་གནའ་བོའི་རྗེས་ཤུལ་ལ་བརྟག་དཔྱད་ལས་དོན་བསྒྲུབས་པ་དང་། ཁྱོན་ས་གནས་13ལ་རྩད་ཞིབ་བྱས་པ་རེད། དེའི་རིང་སྐྱོ་བྲག་ཤང་འབུལ་བ་གྲོང་ཚོའི་བྲག་སྐྱིད་གྲོག་རོང་ཆེན་པོ་ནས་བྲག་རིས་དང་བྲག་བརྐོས་རྗེས་ཤུལ་ཐོག་མར་རྙེད་པ་དང་། དེ་ནི་གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཧ་ཅང་གལ་ཆེན་ལྡན་ཡོད། 
【1】  【2】  【3】
༄༅།།ནང་ཆེན་ནས་བྲག་བརྐོས་རི་མོའི་རྗེས་ཤུལ་རྙེད་འདུག