འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་28ཉིན།

༄༅།།ས་ཡོམ་རིམ་པ་6.5བརྒྱབ་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་28ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཚེས་27ཉིན་གྱི་དགོང་མོར་ཧིན་རྡུ་ཉི་ཞི་ཡའི་ཀྲོ་ཝ་ནུབ་མའི་ཞིང་ཆེན་གྱི་ལྷོ་རྒྱུད་མཚོ་ཁོངས་སུ་ས་ཡོམ་རིམ་པ་6.5བརྒྱབ་པ་དང་། ཉེ་ལམ། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད།  
    ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་། གནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུས་བཅས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་ཡོམ་དེ་ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་གྱི་ཆུ་ཚོད་23དང་སྐར་མ་29ཐོག་(པེ་ཅིང་གི་དུས་ཚོད་ཚེས་28ཉིན་གྱི་ཆུ་ཚོད་ཀླད་ཀོར་དང་སྐར་མ་29)བྱུང་བ་དང་། ཡོམ་ལྟེ་དེ་ཀྲོ་ཝ་ནུབ་མའི་ཞིང་ཆེན་གྱི་ཅ་ལུའུ་ཐེ་རྫོང་གི་ལྷོ་ནུབ་ཀྱི་སྤྱི་ལེ་151ཙམ་ཡོད་པའི་མཚོ་ཁོངས་སུ་གནས་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཡིན་པ་རེད། ཅུས་དེས་ད་ཐེངས་ཀྱི་ས་ཡོམ་ཐད་མཚོ་འཁྱོམ་གྱི་ཉེན་བརྡ་བཏང་མེད་པ་རེད། 
    ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐ་དང་། ཝན་ཏན་ཞིང་ཆེན། ཀྲོ་ཝ་དབུས་མའི་ཞིང་ཆེན། ཀྲོ་ཝ་ཤར་མའི་ཞིང་ཆེན་སོགས་སུ་ཡོམ་ཚོར་བྱུང་ཡོད། 
    ཧིན་རྡུ་ཉི་ཞི་ཡ་ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཡོམ་ཁུལ་དུ་གནས་པ་དང་། ལོ་རེར་ས་ཡོམ་ཆེ་ཆུང་ཐེངས་སྟོང་ཕྲག་ཁ་ཤས་ཐོན་གྱི་ཡོད།