འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་28ཉིན།

༄༅།།ཨུ་རུ་སུས་མི་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་28ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་27ཉིན། མོ་སི་ཁོ་པཱ་སི་མན་ཆུས་ཁྲིམས་ཁང་གིས་ཨུ་རུ་སུའི་མོ་སི་ཁོ་མངའ་སྡེ་རོལ་དབྱངས་ཚོམས་ཆེན་གྱི་འཇིགས་སྐུལ་འཇབ་རྒོལ་གྱོད་གཞིའི་ནང་ཞུགས་པའི་དོགས་ཡོད་ཉེས་ཅན་ཞིག་2024ལོའི་ཟླ་5ཚེས་22ཉིན་བར་བཀག་ཉར་བྱས་ནས་འདྲི་གཅོད་སྒུག་རྒྱུའི་ཆོག་མཆན་སྤྲད་པ་རེད། དོགས་ཡོད་ཉེས་ཅན་དེའི་མིང་ལ་ཀྲུའུ་མོ་ཧོ་ཨེན་·ཁུར་པན་ནུའོ་ཧྥུ་ཟེར་བ་དང་། 2003ལོར་སྐྱེས་པ་དང་ཐ་ཇིག་སི་ཐན་གྱི་སྤྱི་དམངས་ཡིན་པ་རེད། 
    བརྟག་དཔྱད་བྱེད་མཁན་ཕྱོགས་ཀྱིས་ཀྲུའུ་མོ་ཧོ་ཨེན་·ཁུར་པན་ནུའོ་ཧྥུ་ནས་ཁེ་ལུའོ་ཁུའུ་སི་གྲོང་རོལ་དབྱངས་ཚོམས་ཆེན་གྱི་འཇིགས་སྐུལ་འཇབ་རྒོལ་ལ་འཕྲིན་གཏོང་བྱ་ཐབས་དང་མ་དངུལ་མཁོ་འདོན་བྱས་པའི་དོགས་གཞི་ཡོད་ཅེས་བཤད་པ་རེད། ཁུར་པན་ནུའོ་ཧྥུ་ཟླ་4ཚེས་11ཉིན་མོ་སི་ཁོར་ཁྲམ་པ་ཆུང་ངུའི་བྱས་ཉེས་ཀྱི་མིང་ཐོག་ནས་བཟུང་བ་མ་ཟད་སྲིད་འཛིན་བཀག་ཉར་ཡང་ཉིན་15བྱས་པ་རེད།