འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་28ཉིན།

བོད་ལྗོངས་ལྷ་རྩེ་རྫོང་གི་ནས་འདེབས་པར་གྲངས་འཛིན་ཅན་གྱི་མ་ལག་སྤྱད་པ། 

༄༅།།བརྙན་ཤེལ་ཐོག་གི་གཞི་གྲངས་ནི་ཚང་མས་ས་ཞིང་བཟང་པོ་འདེབས་པའི་བློ་གདེང་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་28ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བརྙན་ཤེལ་ཐོག་གི་གཞི་གྲངས་ནི་ཚང་མས་ས་ཞིང་བཟང་པོ་འདེབས་པའི་བློ་གདེང་རེད།
   ཞོགས་པར། ཉི་མ་ཤར་མ་ཐག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆོས་མ་ཤང་རྒྱན་མདའ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་ལགས་སེམས་ཁྲལ་ཆེན་པོའི་ངང་ནས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དུ་ཡོང་ནས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་མཁས་བཙུན་ལགས་བཙལ་ནས། “དེ་རིང་གི་གནམ་གཤིས་འདི་འདྲར་ཞིང་ཁ་བཏབ་ན་འཚམ་པོ་ཡོད་དམ་”ཞེས་དྲིས།
   མཁས་བཙུན་གྱིས། “ཉིན་ཤས་རིང་། གྲོང་ཚོའི་ཞིང་སའི་ས་རྒྱུའི་འཚོ་བཅུད་གནས་ཚུལ་ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་། གྲོང་ཚོའི་ཞིང་ལས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གནས་ཚུལ་ལ་ཡང་བལྟས་པས། དེ་རིང་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་འདེབས་འཛུགས་བྱེད་ཆོག་མོད། འོན་ཀྱང་། པད་ཁའི་མེ་ཏོག་དང་ཞོག་ཁོག་ད་དུང་ཅུང་སྒུག་དགོས་”ཞེས་ཤོད་ཚར་རྗེས། ཟླ་བ་རྒྱལ་ལགས་ལམ་སེང་དགའ་སྤྲོ་འཕེལ་བ་དང་། “དངོས་གནས་ཡག་པོ་འདུག སྟེགས་བུ་འདི་ཡོད་ཚེ་གནམ་ངོ་འགྱུར་ལྡོག་ལ་སེམས་ཁྲལ་བྱེད་དགོས་མི་འདུག་”ཟེར། ཟླ་བ་རྒྱལ་ལགས་ཀྱིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་གྱང་དུ་བཀལ་བའི་LEDགྲངས་གཞིའི་བརྙན་ཤེལ་ཆེན་པོར་མཛུབ་མོ་བཙུགས་ནས་ཡ་མཚན་སྐྱེས་ནས། “ངས་གསལ་པོ་མི་ཤེས་ཀྱང་། གྲོང་ཚོ་ཨུ་ལྷན་དུ་ཡོང་ནས་རང་ཁྱིམ་གྱི་ཞིང་ཁ་འདེབས་འཛུགས་བྱས་ན་འཚམ་པོ་ཡོད་མེད་འདྲི་རྩད་བྱས་ན་འདི་ནས་ཤེས་ཐུབ་”ཅེས་ཟེར། 
   ཁ་བརྡ་བྱས་རྗེས། ཟླ་བ་རྒྱལ་ལགས་ཀྱིས་གྲོང་ཚོའི་མཉམ་ལས་ཁང་ནས་སོན་འདེབས་འཕྲུལ་འཁོར་གྱི་ལྡེ་མིག་འཁྱེར་བ་དང་། ལྡིར་སྒྲ་གྲགས་པ་དང་བསྟུན་ནས་ཞིང་ཁར་བཏང་ནས་སོང་། གསར་འགོད་པ་ཞིང་ཁར་འབྱོར་སྐབས། ཟླ་བ་རྒྱལ་ལགས་ནི་འདྲུད་འཐེན་འཕྲུལ་འཁོར་གྱི་ཁ་ལོ་བའི་གཞུང་ལས་ཁང་དུ་སླེབས་པ་མ་ཟད། བྱང་ཆ་དོད་པོས་རིག་གནས་གྲངས་ཀའི་ལྟ་ཞིབ་སྒམ་བཀོལ་སྤྱོད་བྱེད་བཞིན་འདུག ཟླ་བ་རྒྱལ་ལགས་ཀྱིས།  “འདི་ཞིང་ལས་འཕྲུལ་ཆས་ཚང་མའི་ནང་བླུགས་ཡོད་པས་དེ་སྔོན་ང་ཡང་རྫོང་གི་ཉེར་སྤྱོད་གསོ་སྦྱོང་ནང་ཞུགས་མྱོང་ཡོད”ཟེར།  ད་ཆ་རྨོ་འདེབས་གཞི་གཅིག་འཕྲུལ་འཁོར་སྟབས་བདེ་འདི་འདྲ་ཡོད་པས། ང་ཚོས་མ་ལག་འདི་བེད་སྤྱོད་ཡག་པོར་བྱས་ཏེ་རྫོང་གིས་རྨོ་འདེབས་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་སྟབས་བདེ་ཡོང་བ་བྱེད་དགོས་པ་སྨོས་མེད་རེད། དེ་ལྟར་བྱས་ན། སླད་ཕྱིན་ང་ཚོས་རྨོ་འདེབས་བྱེད་པར་ཚན་རིག་དང་མཐུན་པ་དང་འབྲུ་རིགས་ཀྱི་གྱོང་གུན་ཡང་ཉུང་དུ་འགྲོ་ངེས་རེད།
    ཟླ་བ་རྒྱལ་ལགས་ཀྱི་ཁྱིམ་ལ་ཞིང་ཁྱོན་མུའུ་120ཡོད་པ་དེ་གྲོང་ཚོའི་དུད་ཚང་ཆེ་གྲས་སུ་བརྩིས་ནས་མུའུ་90ལྷག་ཙམ་ནས་འདེབས་འཛུགས་བྱེད་ཀྱི་ཡོད། ཟླ་བ་རྒྱལ་ལགས་ཀྱིས། “སྔོན་ཆད་ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་ཡོད་མི་དྲུག་གིས་ལོ་ཧྲིལ་པོར་ཞིང་ནང་དུ་དཀའ་སྤྱད་འབད་བརྩོན་བྱེད་དགོས་པར་བརྟེན་ངལ་རྩོལ་ནུས་ཤུགས་ལྷག་མ་མེད་སྟབས། གྲོད་པ་རྒྱགས་ཐུབ་ཀྱང་དཔལ་འབྱོར་ཐད་དངོས་གནས་དཀའ་ངལ་ཡོད་”ཟེར། ད་ཆ་ཁྱིམ་དུ་རྨོ་འདེབས་དང་། སྟོན་བསྡུའི་ཐད་བཟའ་ཟླ་གཉིས་ལས་མི་དགོས་པ་མ་ཟད། དེ་བྱིངས་ཚང་མ་ཕྱི་ལ་ལས་ཀར་ཕྱིན་ན་ཆོག་ཅིང་། ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་ཐོབ་ཡོད།
    གྲོང་ཚོའི་ནང་ཕྱི་ལ་ལས་ཀ་བྱེད་པར་འགྲོ་བ་དང་ཁྱིམ་སྡོད་རྨོ་འདེབས་ངལ་རྩོལ་ནུས་ཤུགས་བར་གྱི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། རྒྱན་མདའ་གྲོང་ཚོར་ཞིང་ལས་འཕྲུལ་ཆས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཟང་པོ་བཅུ་བཙུགས་ནས་རྨོ་ཞིང་མཉམ་ལས་ཁང་དུ་ཞུགས་ཏེ་ངལ་རྩོལ་ལྷག་མ་བཅིངས་འགྲོལ་བཏང་ནས་ཡོང་འབབ་འཕར་བའི་ཕྱུག་འགྱུར་ཡོང་བར་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་ཡོད། མཉམ་ལས་ཁང་བཙུགས་པ་ནས་བཟུང་གྲོང་ཚོ་དེས་ལོ་ལྟར་ཁྱོན་ངལ་རྩོལ་ནུས་ཤུགས་120བཅིངས་འགྲོལ་བཏང་ནས་ཕྱིར་ལས་ཀ་བྱེད་པར་བསྐྱོད་དེ་ཡོང་འབབ་སྒོར་ཁྲི་360ལྷག་ཙམ་འཕར་ཡོད།
    ཟླ་བ་རྒྱལ་ལགས་ཀྱང་མཉམ་ལས་ཁང་གི་ཁོངས་མི་རེད། ཁོང་གིས་ཀྱང་ལོ་རེར་མཉམ་ལས་ཁང་ནས་གླ་ཕོགས་སྒོར་7000ལྷག་ལེན་ཐུབ། ན་ནིང་ཟླ་བ་རྒྱལ་ལགས་ཀྱི་ཁྱིམ་གྱི་ཡོང་འབབ་སྒོར་ཁྲི་24ལྷག་ཙམ་ཟིན་པ་དང་ནས་ཐོན་འབབ་རྒྱ་མ་ཁྲི་6ལྷག་ཙམ་ཟིན་ཡོད། ཟླ་བ་རྒྱལ་ལགས་ཀྱིས། “འདི་ལོ་སྔར་བས་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་བྱས་ཚེ་ད་ལོའི་ཐོན་འབབ་ན་ནིང་ལས་ཆེ་ངེས་ཡོང་བའི་ཡིད་ཆེས་ཡོད་”ཟེར། 
    ལྷ་རྩེ་རྫོང་ནི་བོད་ལྗོངས་ཀྱི་སྐད་གྲགས་ཆེ་བའི་འབྲུ་མཛོད་རེད། ཉེ་བའི་ལོ་ཤས་རིང་ལྷ་རྩེ་རྫོང་གིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ཐོག གྲངས་གཞི་ཅན་དང་དེང་རབས་སྒྲིག་ཆས་སོགས་ཚན་རྩལ་མཐོ་བའི་བྱ་ཐབས་སྤྱད་དེ་ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འཚོལ་ཞིབ་བྱས་ཡོད། ད་ཆ། ལྷ་རྩེ་རྫོང་གིས་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང་ཁག་དང་པོར་འཛུགས་བཞིན་ཡོད་པ་རེད།
    2023ལོར། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་དོན་རོགས་སྐྱོར་མ་དངུལ་སྒོར་ཁྲི་1064.96བཏང་ནས་ལྷ་རྩེ་རྫོང་གི་ཞིང་ལས་འཕེལ་རྒྱས་ཀྱི་རྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་བསྒྱུར་རྒྱུའི་ཐད་སྤྱོད་རྒྱུ་རེད། རྫོང་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་རྒྱ་ཁྱོན་མུའུ་ཁྲི་10.81ཟིན་པ་དང་ཚད་གཞི་མཐོ་བའི་ཞིང་ལས་རྨོ་འདེབས་བྱེད་ཚད་84%ཟིན་ཡོད། འདི་ལོ་རྫོང་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱིས་རྨོ་བ་དང་། འཕྲུལ་ཆས་ཀྱིས་འདེབས་བ། འཕྲུལ་ཆས་ཀྱིས་བསྡུ་བ་“རྣམ་གསུམ”གྱི་ལས་ཀ་བྱེད་ཚད་ན་ནིང་གི་80%ནས་85%ཡས་མས་བར་མཐོ་རུ་ཕྱིན་ནས་གྲོང་མིའི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་བཏང་ནས་ལས་གནས་བསྒྱུར་ཐུབ་རྒྱུ་རེད།
༄༅།།བརྙན་ཤེལ་ཐོག་གི་གཞི་གྲངས་ནི་ཚང་མས་ས་ཞིང་བཟང་པོ་འདེབས་པའི་བློ་གདེང་རེད།