འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་ལས་བོད་ལྗོངས་ཀྱི་སྐོར་གཡེང་ལེ་ཚན་8པ། 

༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་ཁྲ་འབྲུག་གྲོང་རྡལ་གྱིས་རིག་གནས་ཀྱི་བློ་གདེང་བརྟན་དུ་བཏང་
ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་དྲན་འཆར་བསླངས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

  
       གྲོང་གསེབ་དར་རྒྱས་གཏོང་བར་ཡུལ་སྲོལ་ཡ་རབས་ཡོང་བར་བྱ་རྒྱུ་ནི་འགན་ལེན་ཡིན་པ་དང་། ཡ་རབས་ཀྱི་ཡུལ་སྲོལ་དང་གོམས་སྲོལ་བཟང་པོར་བསྒྱུར་རྒྱུ་ནི་འགག་རྩ་ཡིན། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གཏོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས། “རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་བོད་ཀྱི་གོམས་སྲོལ་བསྒྱུར་བའི་སྐོར་གླེང་བའི་”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྱེད་དང་མཉམ་དུ་ཤེས་དཔལ་གྲོང་གསེབ་ཀྱི་གོམས་སྲོལ་བཏོད་དེ་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ་རེད།
   རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་ཁོངས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་དུ་བསྐྱོད་སྐབས། ལྗོན་ཤིང་དང་མེ་ཏོག་གི་གསེབ་ཏུ་བོད་ཁང་ཆུང་ཆུང་གྲལ་སྟར་འགྲིག་པོ་ཡོད་པ་དང་། གྲོང་གསེབ་ཀྱི་ལམ་ཆུང་ཁོད་སྙོམས་པ། ཞིང་པའི་སྒོ་ར་གཙང་ཞིང་རྒྱ་ཆེ་ལ་གྲལ་འགྲིག་པ། སྡོད་ཉམས་དང་ལས་ཉམས་སྤྲོ་ཞིང་ཡུལ་སྐོར་ལ་འཚམ་པའི་གྲོང་གསེབ་ཀྱི་མཛེས་ལྗོངས་ཀྱིས་ཁེངས་ཡོད།
   ཉེ་བའི་ལོ་ཤས་རིང་། ཁྲ་འབྲུག་གྲོང་རྡལ་གྱིས་དུས་རབས་གསར་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ནས། “ཏང་འཛུགས་སྐྱོང་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། རིག་གནས་ཡུལ་སྐོར་མཉམ་འདྲེས་”ཀྱི་གྲོང་གསེབ་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། བོད་ཀྱི་ཟློས་གར་རིག་གནས་ཐོན་ཁུངས་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ལེགས་ཆ། མི་སྡོད་ཁོར་ཡུག་ལེགས་སུ་བཏང་བའི་གྲུབ་འབྲས་ལ་བརྟེན་ནས་སྣོད་བཅུད་དཔལ་ཡོན་འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོ་བསྐྲུན་ནས་ཁེ་གསུམ་གྲོང་ཚོས་གཙོས་པའི་ཡུལ་སྐོར་སྤུས་རྟགས་དམར་པོ་གྲུབ་པ་དང་ཆབས་ཅིག་གྲོང་ཚོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ། “བོད་ཀྱི་ཟློས་གར་གྲོང་ཚོ་དང་པོའི་”ཁྱད་ལྡན་སྡོད་ཁང་ཁྱུ་ཚོགས་བསྐྲུན་པས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་བ་ཡུལ་སྐོར་དུ་ཡོང་གི་ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཏེ་ཡོང་འབབ་གཏོད་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།
   ད་ཆ་ཁྲ་འབྲུག་གྲོང་རྡལ་འདི་ཉིད་གྲོང་གསེབ་དར་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་བསྐྱོད་བཞིན་ཡོད་པ་དང་། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་མཛེས་ལྗོངས་ཡོད་པ་དང་། གྲོང་གསེབ་ཡིད་དུ་འོང་བ། གྲོང་གསེབ་ཞི་མཐུན་དང་། ཐོན་ལས་སྟོབས་ཆེ། ཞིང་པ་ཕྱུག་པོ་བཅས་ཡོད་པས་གསོན་ཉམས་དོད་པའི་རི་མོ་ཞིག་འགྲེམས་སྟོན་བྱས་པ་དང་ཀུན་ནས་མཚུངས།