འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་22ཉིན།

༄༅།།ས་འདིར་ཆུ་ལོག་ཆེན་པོ་འབྱུང་རྒྱུའི་ཉེན་བརྡ་བཏང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་22ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
 གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ཆར་བ་དྲག་པོ་བབས་པའི་ཤུགས་རྐྱེན་འོག  ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་ཀྱི་པའེ་ཅང་གཙང་པོར་ཆུ་ལོག་མངོན་གསལ་དོད་པོར་ཐོན་པ་དང་། ཟླ་4ཚེས་20ཉིན་གྱི་ཆུ་ཚོད་20དང་སྐར་མ་45ཡི་ཐོག ཀོང་ཏུང་གི་པའེ་ཅང་གཙང་པོའི་ཆུ་རྒྱུན་གྱི་ཧྲི་ཅའོ་ཆུ་རིག་ས་ཚིགས་ཀྱི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་12000བར་འཕར་ནས། པའེ་ཅང་གཙང་པོའི་2024ལོའི་ཆུ་ལོག་ཨང་2པ་ཐོན་ཡོད་པ་རེད། སྔོན་བརྡ་བཏང་བར་གཞིགས་ན། ཉེ་དུས་ཧྭ་ནན་ས་ཁུལ་དུ་ཆར་པ་དྲག་པོ་འབབ་རྒྱུ་དང་། ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་ཀྱི་པའེ་ཅང་གཙང་པོར་ཆུ་ལོག་ཧ་ཅང་ཆེན་པོ་འབྱུང་རྒྱུ་རེད། 
    ཉིན་དེར། ཆུ་བེད་པུས་ཆུ་ལོག་འགོག་སྲུང་གྲོས་མོལ་སྒྲིག་འཛུགས་བྱས་ནས། ཀོང་ཏུང་ཞིང་ཆེན་ཆུ་བེད་ཐིང་དང་ཀྲུའུ་ཅང་གཙང་པོའི་ཆུ་བེད་ཨུ་ལྷན་དང་བརྙན་ལམ་ཐོག་ནས་ཆར་ཆུ་དྲག་པོའི་འགོག་སྲུང་ལས་དོན་བཀོད་སྒྲིག་བྱས་པ་རེད། གྲོས་མོལ་ཞིབ་འཇུག་བརྡར་གཅོད་ཀྱི་གནས་ཚུལ་དང《ཆུ་བེད་པུའི་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་འགོག་སྲུང་འཕྲལ་སྡོམ་དང་ལེན་ལས་དོན་སྒྲིག་སྲོལ》གཞིར་བཟུང་། ཆུ་བེད་པུས་ཀོང་ཏུང་ཞིང་ཆེན་གྱི་ཆུ་ལོག་འགོག་སྲུང་འཕྲལ་སྡོམ་དང་ལེན་དེ་རིམ་པ་Ⅲཔར་མཐོ་རུ་བཏང་ནས། ཀོང་ཏུང་ཞིང་ཆེན་ཆུ་བེད་ཐིང་དང་ཀྲུའུ་ཅང་གཙང་པོའི་ཆུ་བེད་ཨུ་ལྷན་གྱིས་ཆར་ཆུ་དང་། ཆུའི་གནས་ཚུལ། ཆུ་ལོག་གི་གནས་ཚུལ་བཅས་ལ་ལྟ་ཞིབ་དམ་ཟབ་བྱས་ཏེ། རིམ་འགྲིལ་གྲོས་མོལ་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ། ཧྥེ་ལེ་ཆུ་འགག་ལྟེ་བ་སོགས་ཆུ་བེད་ལས་གྲྭ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། པའེ་ཅང་གཙང་པོའི་ཆུ་རགས་སོགས་ཆུ་རགས་ལ་སྐོར་ཞིབ་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། ཕ་གཙང་པོའི་ཆུ་ལོག་གསོག་ཁུལ་བེད་སྤྱོད་གྲ་སྒྲིག་གི་ལས་དོན་ཁག་སྔ་སྣུར་དུ་ཡག་པོ་བསྒྲུབས་ཏེ་མི་སྣའི་བདེ་འཇགས་འགན་ལེན་བྱེད་དགོས། ཆུ་མཛོད་འབྲིང་ཆུང་དང་ཉེན་ཁ་ཆེ་བའི་ཆུ་མཛོད་ཀྱི་བདེ་འཇགས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཆུ་མཛོད་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། ཆར་བ་དྲག་པོ་བབས་ནས་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་སྔོན་འགོག་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་བཏང་ནས་ས་གནས་ཀྱིས་ཉེན་ཁ་ཆེ་བའི་ཁུལ་གྱི་མང་ཚོགས་གནས་སྤོ་བྱས་ནས་ཉེན་གཡོལ་ཡག་པོ་བྱ་རྒྱུ་སྒྲིག་འཛུགས་བྱེད་པའི་སྐུལ་འདེད་གཏོང་དགོས། 
ཆུ་བེད་པུས་ཛ་དྲག་ངང་ལས་དོན་ཚོགས་ཆུང་གསུམ་ཀོང་ཏུང་གི་ཆུ་ལོག་འགོག་པའི་འཐབ་ཕྱོགས་དང་པོའི་ཆུ་ལོག་འགོག་པའི་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པར་མངགས་ཡོད།