འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་22ཉིན།

༄༅།།སློབ་མ་ཞིག་ལ་དུག་བཏང་ནས་ཤི་བ་ཡིན་མིན་ཐད་ཀྱི་བརྡ་ཁྱབ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་22ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་4ཚེས་20ཉིན་ཧུའུ་ནན་ཞིང་ཆེན་ཤང་ཐན་གྲོང་ཁྱེར་སྤྱི་བདེ་ཅུས་ཡུས་ཧུའུ་ཡན་ལག་ཅུས་ཀྱིས་བརྡ་ཁྱབ་བཏང་དོན་དུ། 
   2024ལོའི་ཟླ་4ཚེས་12ཉིན་གྱི་ཆུ་ཚོད་15དང་སྐར་མ་41གི་ཐོག ང་ཚོའི་ཅུས་ལ་མང་ཚོགས་ཀྱི་ཁ་པར་བཏང་ནས་ཉེན་བརྡ་འབྱོར་གསལ་དུ། ཤང་ཐན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཀྲང་ཆེ་གེ་མོ་(བུ། ལོ་25ཡིན་པ་)ལ་དུག་བཏང་བའི་དོགས་པ་འདུག་ཅེས་ཟེར། ཉེན་རྟོག་པས་དོན་དེ་བདག་སྤྲད་བྱས་རྗེས། ང་ཚོའི་ཅུས་ཀྱིས་མྱུར་དུ་བརྟག་དཔྱད་བྱེད་འགོ་ཚུགས། 
   བརྟག་དཔྱད་བྱས་པ་བརྒྱུད། ཟླ་4ཚེས་7ཉིན་ཀྲང་ཆེ་གེ་མོ་ལུས་པོ་མི་བདེ་བའི་དབང་གིས་སྨན་ཁང་དུ་སྨན་བཅོས་བྱེད་པར་ཕྱིན། ཟླ་4ཚེས་13ཉིན། ཀྲང་ཆེ་གེ་མོ་ཕྱོགས་མང་ཐོག་ནས་མྱུར་སྐྱོབ་བྱས་ཀྱང་ཕན་གོ་མ་ཆོད་པར་དབང་པོ་ཉམས་ནས་ཤི། སྤྱི་བདེ་ལས་ཁུངས་ཀྱིས་མྱུལ་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲང་ཆེ་གེ་མོ་དང་སློབ་གྲྭར་ཉལ་ཁང་གཅིག་པ་པའི་ཀྲོའུ་ཆེ་གེ་མོ་(བུ། ལོ་27ཡིན་པ་)ལ་ཉེས་གསོག་གི་དོགས་གཞི་ཚབས་ཆེན་ཡོད་པ་རེད། ད་ཆ། ཉེས་གསོག་དོགས་ཡོད་མི་སྣ་ཀྲོའུ་ཆེ་གེ་མོ་ང་ཚོའི་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང། ་གྱོད་གཞི་མྱུལ་ཞིབ་སྔར་ལས་ལྷག་པར་བྱེད་བཞིན་ཡོད།
   སྤྱི་བདེ་ལས་ཁུངས་ཀྱིས། དྲ་བ་ནི་ཁྲིམས་མེད་པའི་ས་ཆ་ཞིག་མིན་པས། རྒྱ་ཆེའི་དྲ་དམངསཀྱིས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་བཟོ་མི་རུང་བའི་དྲན་སྐུལ་བྱས།