འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།ཝང་དབྱིས་དོན་འདིའི་ཐད་རྣམ་འགྱུར་གསར་པ་བསྟན་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
 ཟླ་4ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་གཉིས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡ་ཅ་ཏར་གསར་འགོད་པའི་ཚོགས་འདུ་འཚོགས་པ་རེད།
     ལྷོ་རྒྱ་མཚོའི་གྲོས་གཞིའི་ཐད་ཝང་དབྱི་ཡིས་ས་ཁུལ་དེར་“ཤོག་ཁག་ཆུང་གྲས་”ཆགས་པར་དོགས་ཟོན་ཆེན་པོ་བྱས་ནས། འགལ་ཟླ་གང་རུང་བཟོ་བར་ངོ་རྒོལ་བྱེད་པ་དང་། ཐོབ་དཀའ་བའི་ཞི་བདེ་བརྟན་ལྷིང་ལ་གཅེས་སྤྲས་བྱས་ནས་ལྷོ་རྒྱ་མཚོ་ཞི་བདེའི་རྒྱ་མཚོ་ཞིག་ཏུ་བསྐྲུན་དགོས་ཞེས་གསུངས་པ་རེད།