༄༅།།ཨ་རིའི་རྒྱལ་དོན་བློན་ཆེན་གྱིས་ཀྲུང་གོར་འཚམས་འདྲི་བྱ་རྒྱུ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 04ཚེས་19ཉིན། 15:49】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཕེང་པོ་གསར་འགྱུར་ཁང་གི་གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་ཡིན་པ་འཁོད་ཡོད། མགྲིན་ཚབ་པས་པུའུ་ལིན་ཁེན་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུའི་དུས་ཚོད་དང་དེ་བཞིན་ཀྲུང་གོ་ཕྱོགས་ཀྱིས་འཚམས་འདྲི་དེར་རེ་སྒུག་བྱེད་པའི་གནས་ཚུལ་ངོ་སྤྲོད་བྱས་ནན་ཆོག་གམ་ཞེས་དྲིས།
“རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་ཉེ་ཆར་ཀྲུང་གོར་འཚམས་འདྲིར་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། ཉེ་ལམ་ང་ལ་ཆ་འཕྲིན་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་མེད་”ཅེས་བཤད།