འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།དྲག་ཆར་འབབ་པའི་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་4ཚེས་19ཉིན་གྱི་ཆུ་ཚོད་06པའི་ཐོག་དྲག་ཆར་འབབ་པའི་ཉེན་བརྡ་སེར་པོ་བཏང་སྟེ། 
     སྔོན་དཔག་བྱས་ན། ཟླ་4ཚེས་19ཉིན་གྱི་ཆུ་ཚོད་08ནས་ཚེས་20ཉིན་གྱི་ཆུ་ཚོད་08པའི་བར། ཅང་སུའུ་དབུས་ལྷོ་རྒྱུད་དང་། ཨན་ཧུའེ་དབུས་ལྷོ་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཅང་ཞིའི་ས་ཁུལ་མང་ཆེ་བ། ཧྥུ་ཅན་གྱི་ནུབ་རྒྱུད། ཧུའུ་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཅང་ཞིའི་དབུས་རྒྱུད་དང་། ཧུའུ་ནན་གྱི་ཤར་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།(ཧའོ་སྨི་100ནས་180བར།)གོང་གི་ས་ཁུལ་ཁ་ཤས་སུ་དུས་ཐུང་ནང་དྲག་ཆར་འབབ་རྒྱུ་རེད། (དུས་ཚོད་རེར་ཆར་ཆུ་འབབ་ཚད་ཆེ་ཤོས་ཧའོ་སྨི་30ནས་50བར་ཡོད་པ་དང་། ས་ཁུལ་ཁག་ཅིག་ཏུ་ཧའོ་སྨི་70ལས་བརྒལ་སྲིད།) ས་ཁུལ་ཁག་ཅིག་ཏུ་འབྲུག་གྲགས་པ་དང་ལྷགས་པ་ཆེན་པོ་རྒྱག་པའམ་ཡང་ན་སེར་བ་སོགས་གཏད་རྒྱུག་གནམ་གཤིས་དྲག་པོ་ཡོད།
     འགོག་སྲུང་ཕྱོགས་སྟོན།
     1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་གཞིར་བཟུང་། དྲག་ཆར་འགོག་པའི་ལས་དོན་ཡག་པོ་སྒྲུབ་དགོས། 
     2.འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ལམ་གྱི་གནས་ཚུལ་ལ་གཞིགས་ནས་ཆར་པ་དྲག་པོ་བབས་པའི་ལམ་དུ་འགྲིམ་འགྲུལ་དོ་དམ་བྱེད་ཐབས་སྤྱོད་དགོས་པ་དང་། ཆུ་འཁྱིལ་བའི་ལམ་དུ་འགྲིམ་འགྲུལ་ཁྲིད་སྟོན་ལག་བསྟར་བྱེད་དགོས།
     3. དམའ་སའི་རྒྱུད་ཀྱི་ཉེན་ཁ་ཡོད་པའི་ཕྱི་རོལ་གྱི་གློག་ཁུངས་གཅོད་པ། ཡངས་ཤིང་རྒྱ་ཆེ་བའི་ས་ཁུལ་དུ་ཕྱི་རོལ་དུ་ལས་ཀ་བྱེད་མཚམས་འཇོག་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་སྣ་དང་ཉེན་ཡོད་ཁང་པའི་སྡོད་དམངས་གནས་སྤོ་བྱས་ནས་བདེ་འཇགས་ཀྱི་གནས་སུ་ཆར་གཡོལ་བྱེད་དགོས།
     4.གྲོང་ཁྱེར་དང་། ཞིང་ཁ། ཉ་རྫིང་བཅས་ཀྱི་ཆུ་འབུད་མ་ལག་ལ་ཞིབ་བཤེར་བྱས་ནས་འཁྱིལ་ཆུ་ཕྱིར་འབུད་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས།