འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།ཛ་དྲག་གི་གསལ་བསྒྲགས་སྤེལ་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དམངས་སྲིད་པུའི་རྒན་གསོ་ཞབས་ཞུ་སིས་ཟླ་4ཚེས་18ཉིན་གསལ་བསྒྲགས་སྤེལ་ནས། ཉེ་ཆར་ཁྲིམས་འགལ་བས་དམངས་སྲིད་པུའི་རྒན་གསོ་ཞབས་ཞུ་སི་ཡིན་ཁུལ་བྱས་ནས། “གསོ་སྐྱོང་ཁྱིམ་གཞི་འཛུགས་སྐྲུན་”སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། འབྲེལ་ཡོད་བྱེད་སྤྱོད་དེ་ཁ་བསླུས་རྒྱག་པའི་དོགས་གཞི་ཡོད་ཅེས་འཁོད་ཡོད། 
     དམངས་སྲིད་པུའི་རྒན་གསོ་ཞབས་ཞུ་སིས་“གསོ་སྐྱོང་ཁྱིམ་གཞི་འཛུགས་སྐྲུན་”དང་“སྒེར་གྱི་གཟིགས་སྐྱོང་རྒན་གསོའི་དངུལ་གྱི་འཆར་གཞི་”སོགས་ཀྱི་བྱེད་སྒོ་སྤེལ་མྱོང་མེད་པས། སྤྱི་དམངས་དང་ལྷག་པར་དུ་རྒན་རྒོན་རྣམས་ཀྱིས་དོགས་ཟོན་ཆེན་པོ་བྱས་ཏེ། ཡོང་ཁུངས་གསལ་པོ་མེད་པའི་འབྲེལ་ཡོད་ཆ་འཕྲིན་ལ་ཡིད་ཆེས་མི་བྱེད་པ་དང་། མགོ་སྐོར་ལ་དོགས་ཟོན་བྱས་ནས་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པར་བྱེད་དགོས།